ཉིང་ཁྲི་གྲོང་ཁྱེར་གྱིས་རྒན་གསོ་ཞབས་ཞུའི་ས་ཚིགས་ཐོག་མའི་སྒོ་བྱང་བཀལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བ་ནས་བཟུང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུའུ་ཡིས“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི”བྱ་འགུལ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་བོའི་ཁྲོད་ལག་བསྟར་དོན་འཁྱོལ་བྱས་ཏེ། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཡུལ་མཇུག་ཡུག་ཁུལ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བྱས་པའི་བཀོད་སྒྲིག་ཁུལ་ཏུ“ཉིང་ཁྲི་གྲོང་ཁྱེར་ཡུལ་མཇུག་ཕུགས་མདུན་གྲོང་རྡལ་ཆུང་ངུའི་རྒན་གསོ་ཞབས་ཞུའི་ས་ཚིགས”ཀྱི་སྒོ་བྱང་དངོས་སུ་བཀལ་ནས་གཉེར་སྐྱོང་བྱེད་མགོ་ཚུགས།

ཞབས་ཞུའི་ས་ཚིགས་དེ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་རྒན་གསོ་ཞབས་ཞུའི་ས་ཚིགས་ཐོག་མ་ཡིན་ལ། རྒན་རྒོན40ལྷག་གིས་དུས་མཚུངས་སུ་རིག་གནས་རོལ་རྩེད་དང་། སྤྲོ་གསེང་། སློབ་སྦྱོང་སོགས་ཀྱི་བྱ་འགུལ་སྤེལ་ཆོག  གཞིས་ཁུལ་གྱི་ཁྱིམ་སྡོད་རྒན་འཁོགས་ལ་བྱ་འགུལ་སྤེལ་ཡུལ་མཁོ་འདོན་དང་བྱ་འགུལ་ལས་སྟེགས་བསྐྲུན་ཆེད། ཡུག་ཁུལ་གྱི་རྒན་པོའི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རྒན་འཁོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།