བོད་ལྗོངས་ནག་ཆུ་ནས་ཡངས་པ་ཅན་གྱི་མྱུར་བགྲོད་གཞུང་ལམ་འགྲམ་རྒྱུད་ཀྱི་ཁོར་སྲུང་ཐད་མ་དངུལ་སྒོར་དུང་ཕྱུར4ལྷག་བཏང་།

W020210711325679746057.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། G6ཅིན་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ཡངས་པ་ཅན་བར་གྱི་མཚམས་སུ(ནག་ཡངས་མྱུར་བགྲོད་གཞུང་ལམ)ལྗང་འགྱུར་ལས་དོན་མི་སྣ་ཀྲོའུ་ཡུས་ཅོན་གྱིས་གསར་འགོད་པར་ས་བབ་མཐོ་ཚད་ལ་སྨི4000ལྷག་ཡོད་པའི་བོད་ལྗོངས་ནག་ཆུར་རྩྭ་འདེབས་པ་དེ་ལོ་ཏོག་རྨོ་འདེབས་ལས་ཀྱང་དཀའ་འདུག་ཅེས་བཤད།

W020210711325679902813.jpg

G6ཅིན་བོད་མྱུར་བགྲོད་གཞུང་ལམ་གྱི་ནག་ཡངས་ལམ་དུམ་གྱི་འཛུགས་སྐྲུན་བཀོད་འདོམས་དཔོན་དབང་རྒྱལ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ནག་ཡངས་མྱུར་བགྲོད་གཞུང་ལམ་གྱི་རིང་ཚད་ཧྲིལ་པོར་སྤྱི་ལེ226.94ཡོད་ཅིང་། དེ་ནི་ཀྲུང་གོའི་མྱུར་བགྲོད་གཞུང་ལམ་དྲ་བG6གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་དམངས་འཚོའི་ལས་གཞི་གལ་ཆེན་གྱི་གྲས་ཤིག་ཡིན། ལམ་དུམ་དེའི་མྱུར་བགྲོད་གཞུང་ལམ་ནི་མིག་སྔར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་ཡིན་པ་དང་། ནག་ཆུ་ནས་མགོ་ཚུགས་ཏེ་འདམ་གཞུང་རྫོང་དངG6ཅིན་བོད་མྱུར་བགྲོད་གཞུང་ལམ་བརྒྱུད་དེ་ཡངས་པ་ཅན་ནས་ལྷ་སའི་བར་གྱི་ལམ་དུམ་སྦྲེལ་མཐུད་བྱས་ཡོད། མིག་སྔར་རྣམ་གྲངས་ཀྱི་ལམ་ཐིག་གཙོ་བོ་དག་ལེགས་གྲུབ་ཟིན་ནས་མི་འགྱངས་བར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

W020210711325679908859.jpg

“འདི་ནི་སྐྱེ་ཁམས་ལམ་ཞིག་ཡིན་ཏེ། ང་ཚོས་ཇུས་འགོད་དང་ཨར་སྐྲུན་བྱེད་སྐབས་མཐོ་སྒང་སྐྱེ་ཁམས་ཀྱི་ཉམས་ཞན་རང་བཞིན་དང་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ལ་བསམ་གཞིག་གང་ལེགས་བྱས་ཡོད། ང་ཚོས་མ་དངུལ་འབོར་ཆེན་བཏང་ནས་ལམ་རྒྱུད་དུ་རི་སྐྱེས་སྲོག་ཆགས་དང་དེ་བཞིན་ཕྱུགས་རིགས་ཀྱི་བགྲོད་ལམ་བཏོད་པ་དང་། རི་མཐོའི་སྤང་ལྗོངས་དང་སྤང་ཤུན་བཤུ་བ་དང་བསྐྱར་འདེབས། ཟམ་པ་མང་པོ་སྐྲུན་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཁོར་ཡུག་ལ་འགོག་རྐྱེན་བཟོ་ཤུགས་ཇེ་ཆུང་དུ་བཏང་ཡོད་ཅེས་དབང་རྒྱལ་ཚེ་རིང་གིས་བཤད། མིག་སྔའི་བར་ལམ་ཐིག་ཧྲིལ་པོའི་ཁོར་ཡུག་སྲུང་སྐྱོང་ཐད་མ་དངུལ་སྒོར་དུང་ཕྱུར4ལས་བརྒལ་བ་བཏང་ཡོད།

W020210711325679909989.jpg

ཀྲུང་གོ་ལྕགས་ལམ་ནག་ཡངས་མྱུར་བགྲོད་གཞུང་ལམ་ཡན་ལག་པུའུ་བཞི་པའི་རྣམ་གྲངས་ཀྱི་ཅིང་ལི་ཁྲེན་ཡུང་ཧྥུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་ཚོས་འཛུགས་སྐྲུན་བྱེད་འགན་འཁུར་བའི་ལམ་དུམ་གྱི་རིང་ཚད་ལ་བསྡོམས་པས་སྤྱི་ལེ48.9ཡོད་ཅིང་། སྐྱེ་ཁམས་ལ་སྲུང་སྐྱོང་བྱ་ཆེད། 2018ལོའི་དབྱར་ཁར་ཨར་སྐྲུན་མི་སྣས་རི་མཐོའི་སྤང་ལྗོངས་དང་སྤང་ཤུན་སྨི་གྲུ་བཞི་མ་ཁྲི54ལྷག་བསྐྱར་འདེབས་བྱེད་པའི་ལས་དོན་སྤེལ་བ་རེད། ཐེངས་འདིར་ཨར་ལས་བྱེད་སྐབས་ཁོ་ཚོས་མིའི་ཐབས་ལ་བརྟེན་ནས་གསོ་སྤེལ་དང་སྤང་ཤུན་སྤོ་འཛུགས་སོགས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆ་འགྲིག་ལག་རྩལ་གསར་གཏོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།