ལོ་ལྔ་ཚན་བཅུ་བཞི་པའི་རིང་ལྗོངས་ཡོངས་ཀྱི་དྲ་སྦྲེལ་སྨན་བཅོས་བདེ་ཐང་འཛུགས་སྐྱོང་ཏག་ཏིག་བྱེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ7པའི་ཚེས6ཉིན་གྱི་ཕྱི་དྲོར།  དྲ་སྦྲེལ་སྨན་བཅོས་བདེ་ཐང་ལས་དོན་གྱི་ཆེད་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད།  ཚོགས་འདུའི་ཐོག་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ཁག་གི་ལོ་སྟོད་ཀྱི་དྲ་སྦྲེལ་སྨན་བཅོས་བདེ་ཐང་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

ཚོགས་འདུའི་ཐོག་དྲ་སྦྲེལ་སྨན་བཅོས་བདེ་ཐང་འཕེལ་རྒྱས་བཏང་ཚེ། བོད་ཀྱི་དམིགས་བསལ་གྱི་རང་བྱུང་ས་ཁམས་ཁོར་ཡུག་ལས་བརྒལ་ཐུབ་པ་མ་ཟད།  ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་དང་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་ཐུབ་པ་དང་།  གཞི་རིམ་གྱི་སྨན་དོན་མི་སྣ་དཀོན་པའི་གནད་དོན་ཐག་གཅོད་ཏན་ཏིག་ཐུབ་ནས།  གཞི་རིམ་གྱི་སྨན་བཅོས་ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་ཐུབ།  སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལས་ཀའི་བསམ་ཕྱོགས་དང་བྱ་ཐབས་ལེགས་སུ་གཏོང་བ་དང་།  མ་གནས་དང་རིན་དོད་རྩིས་ཡག་པོ་རྒྱག་པ།  ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས།  སྲིད་གཞུང་གི་སྤྱི་ལོ ༢༠༢༡ ལོའི་ལས་དོན་སྙན་སྒྲོན་ནང་བཏོན་པའི་དྲ་སྦྲེལ་སྨན་བཅོས་བདེ་ཐང་གི་ཞབས་འདེགས་ཤང་༼ གྲོང་རྡལ ༽ཁག་ཏུ་ཁྱབ་པར་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས།  སྤྱི་འདོམས་འཆར་འགོད་བྱེད་པ་དང་འབྲེལ་གཏུག་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ།  ས་ཁོངས་སྨན་བཅོས་གྲངས་གཞིའི་ཆ་འཕྲིན་མཉམ་སྦྲེལ་མཉམ་མཐུད་མགྱོགས་སུ་གཏོང་བ།  རྒྱང་ཁྲིད་སྨན་བཅོས་འཛུགས་སྐྱོང་མགྱོགས་སུ་གཏོང་བ།  དྲ་སྦྲེལ་སྨན་བཅོས་བདེ་ཐང་ལས་དམངས་ལ་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ།  འཕྲོད་བསྟེན་ཁྱབ་ཁོངས་ཀྱི་གྲངས་གཞིའི་བདེ་འཇགས་དང་ནད་པའི་གསང་བ་འགན་ལེན་བཅས་བྱས་ནས།  ལོ་ལྔ་ཚན་བཅུ་བཞི་པའི་རིང་ལྗོངས་ཡོངས་ཀྱི་དྲ་སྦྲེལ་སྨན་བཅོས་བདེ་ཐང་འཛུགས་སྐྱོང་ལ་གྲུབ་འབྲས་ཡག་པོ་ཐོབ་རྒྱུར་འགན་ལེན་བྱེད་དགོས་བཅས་གསལ་སྟོན་བྱས་ཡོད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།