”བོད་སྐྱོར་ལྷ་རྗེ་ཞིག་གི་མཛེས་སྡུག་གཏམ་རྒྱུད།

པར་འདི་ནི་ལྷ་རྗེ་ཝང་ཁི་མིང་གིས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་རྒྱས་དར་ཤང་རྒྱས་དར་སྡེ་བ་རུ་སྡེ་དམངས་རྣམས་ལ་བདེ་ཐང་ཤེས་བྱ་ངོ་སྤྲོད་བྱེད་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཝང་ཁི་མིང་ནི་ཧྲན་ཏུང་ཞིང་ཆེན་ཐའེ་ཨན་གྱི་མི་ཡིན་ཞིང་པེ་ཅིང་ཞའེ་ཧི་གསོ་རིག་ཚན་རྩལ་སློབ་ཆེན་ནས་གསོ་རིག་འབུམ་རམས་པའི་སློབ་གནས་བླངས། ཀྲུང་གོ་གསོ་རིག་ཚན་རིག་གླིང་གི་དབང་བོ་བཟོ་བཅོས་ཕྱི་ནད་སྨན་ཁང་གི་ཀྲུའུ་རེན་གཞོན་པའི་སྨན་པ་ཞིག་ཡིན་པའི་ཆ་ནས།  2020ལོའི་ཟླ7པར་ཁོ་རང་ངོས་ནས་མིང་ཐོ་བཀོད་དེ་བོད་ལྗོངས་ལ་རོགས་སྐྱོར་བྱེད་དུ་འགྲོ་བའི་སྨན་བཅོས་འཇོན་མི་སྐོར་ཐེངས་དྲུག་པའི་ཆེད་མཁས་པའི་གྲས་ཀྱི་གཅིག་ཏུ་གྱུར་ཞིང་། དུས་དེ་ནས་བཟུང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་བྱ་བ་སྒྲུབ་པ་རེད། བོད་ལྗོངས་སུ་སླེབས་མ་ཐག་ཁོང་གིས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་དབང་བོ་བཟོ་བཅོས་ཀྱི་ཕྱི་ནད་ཚན་ཁག་འཛུགས་དགོས་པའི་སྙན་སེང་ཞུས་ཏེ། དབང་བོ་བཟོ་བཅོས་བྱེད་དགོས་པའི་ནད་པ་རྣམས་བོད་ལྗོངས་ནང་ཁུལ་དུ་སྨན་བཅོས་བྱེད་པར་སྟབས་བདེ་སྐྲུན་པ་རེད། གསོ་རིག་དབང་བོ་བཟོ་བཅོས་ཚན་ཁག་བཙུགས་ནས་ཟླ་ངོ་འགའ་ཡི་རིང་ནད་པ300ལྷག་གིས་སྔོན་མངགས་བྱས་པ་དང་། ཁོ་རང་བོད་ལྗོངས་སུ་སླེབས་མ་ཐག་པའི་སྐབས་ཀྱི་གཟའ་འཁོར་གཅིག་ལ་གཤེགས་བཅོས་ཐེངས1ནས་གཟའ་འཁོར་རེར་གཤེགས་བཅོས་ཐེངས5པར་འཕར། རོང་འབྲོག་མང་ཚོགས་རྣམས་ལྷ་ས་རུ་སྨན་བཅོས་བྱེད་དུ་ཡོང་བར་སྟབས་བདེ་མིན་པ་ཤེས་རྗེས་ཁོང་གིས་སྨན་བཅོས་ཚོ་ཆུང་བཙུགས་ནས་མངའ་རིས་ས་ཁུལ་དང་གཞིས་ཀ་རྩེ་གྲོང་ཁྱེར་སོགས་སུ་སོང་ནས་སྨན་བཅོས་བྱས། ཁོང་གིས་ཉིན་རྒྱུན་ནད་པར་ནད་བལྟ་བ་དང་གཤེགས་བཅོས་བྱེད་པ་ལས་གཞན་ད་དུང་གཅིག་བསྡུས་སྒོས་གསོ་སྐྱོང་ཚོགས་འདུ་ཚོགས་ཏེ་གསོ་རིག་དབང་བོ་བཟོ་བཅོས་ཀྱི་ཕྱི་ནད་ཚན་ཁག་ལ་རང་ས་གནས་ཀྱི་འཇོན་མི་མང་པོ་སྐྱེད་སྲིང་བྱས། ཁོང་གིས་སྣེ་ཁྲིད་འོག་བོད་ལྗོངས་སུ་དབང་བོ་བཟོ་བཅོས་བྱེད་མཁན་གྱི་སྨན་པ་ཇེ་མང་དུ་སོང་ཞིང་ལག་རྩལ་ཀྱང་རིམ་བཞིན་ཇེ་མཐོར་སོང་ཡོད་པ་རེད། །

པར་འདི་ནི་ལྷ་རྗེ་ཝང་ཁི་མིང་གིས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་རྒྱས་དར་ཤང་རྒྱས་དར་སྡེ་བ་རུ་སྡེ་དམངས་ལ་ནད་བལྟ་བཞིན་པའི་རྣམ་པ་རེད།

པར་འདི་ནི་ལྷ་རྗེ་ཝང་ཁི་མིང་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་གཤེགས་བཅོས་ཁང་དུ་གཤེགས་བཅོས་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ལྷ་རྗེ་ཝང་ཁི་མིང་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་གཤེགས་བཅོས་ཁང་དུ་གཤེགས་བཅོས་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ལྷ་རྗེ་ཝང་ཁི་མིང་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་སྨན་པ་གཞན་ཞིག་དང་བསམ་བློ་བརྗེ་རེས་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ལྷ་རྗེ་ཝང་ཁི་མིང་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་དབང་བོ་གཤེགས་བཅོས་སྐོར་གྱི་རྒྱུ་ཆ་ལེགས་སྒྲིག་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ལྷ་རྗེ་ཝང་ཁི་མིང་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་དབང་བོ་གཤེགས་བཅོས་ཀྱི་ཤེས་བྱ་གསོ་སྐྱོང་བྱེད་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།