པར་འདི་ནི་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ཁོངས་སུ་ཡོད་པའི་ལྗགས་གནས་གཡུ་མཚོ་རྒྱལ་ཁབ་བརླན་ས་སྤྱི་གླིང་གི་ཟུར་ཞིག་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་བརླན་སའི་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ་ནུས་པ་རྒྱུན་མཐུད་ངང་ཇེ་མཐོར་བཏང་སྟེ། ཧུར་ཐག་སྒོས་བརླན་སའི་སྐྱེ་ཁམས་བདག་སྐྱོང་གི་ཡུན་ཕན་ལམ་སྲོལ་འཛུགས་པར་འཚོལ་ཞིབ་བྱས་པས། བརླན་སའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་བླངས། མིག་སྔའི་བར་དུ་བོད་ལྗོངས་སུ་བསྡོམས་པས་བརླན་སའི་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ15དང་། རྒྱལ་ཁབ་བརླན་ས་སྤྱི་གླིང22(ཚོད་ལྟའི་ས་ཚིགས་འདུས)བཙུགས་ཡོད་ཅིང་། བརླན་ས12རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་གྱི་མིང་ཐོ་ནང་བཅུག་ཡོད་པ་དང་། བརླན་ས4རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་མིང་ཐོ་ནང་བཅུག་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱིས་བརླན་སའི་སྐྱེ་ཁམས་སྲུང་སྐྱོང་དོ་དམ་ནུས་པ་སྔར་བས་མཐོར་འདེགས་སུ་བཏང་།