པར་འདི་ནི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་རྣམ་རྒྱལ་བོད་ཞྭ་མཉམ་ལས་ཁང་གི་ལས་བཟོ་བས་ཞྭ་མོ་ཕྱིར་འཚོང་བྱེད་བཞིན་པའི་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཏང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་རབ་དང་རིམ་པའི་སྣེ་ཁྲིད་འོག བོད་ལྗོངས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྣེ་ཁྲིད་ནུས་པ་སྔར་ལས་ཇེ་དྲག་ཏུ་ཕྱིན་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་། གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱེད་པའི་གཙོ་ཤུགས་དམག་ཏུ་གྱུར་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱི་ཆེད་ལས་མཉམ་ལས་ཁང་གི་ལས་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ།