པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་བཀྲ་ཤིས་ལྷུན་པོ་དགོན་པས་ཏང་ཀྲུང་དབྱང་ལ་ལག་སྐྱེས་ཕུལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་གཟབ་རྒྱས་བྱེད་པའི་དུས་སུ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་དང་བཀྲ་ཤིས་དགོན་པས་ཏང་ཀྲུང་དབྱང་ལ་ལག་སྐྱེས་ཕུལ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གི་རྒྱུན་གཏན་ལས་དོན་ཁག་བགོས་དོ་དམ་ཁང་གི་ཀྲུའུ་རེན་གཞོན་པ་མོང་ཞང་ཧྥུང་གིས་ལག་སྐྱེས་དང་ལེན་བྱས།  

མོང་ཞང་ཧྥུང་གིས་པཎ་ཆེན་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་གྲོགས་པོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པར་མ་ཟད། པཎ་ཆེན་མཆོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས། “འདུ་ཤེས་བཞི”གཏིང་ཟབ་དང་། “གདེང་ཚོད་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས་ལ། ཐོག་མཐའ་ཀུན་དུ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པའི་རེ་བ་ཡོད།  

པཎ་ཆེན་དང་བཀྲ་ཤིས་ལྷུན་པོ་དགོན་པས་ཏང་ཀྲུང་དབྱང་ལ“ཏང་གི་འོད་ཟེར་གངས་ལྗོངས་མཐོ་སྒང་ལ་འཕྲོ་བ”དང“ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ”ཞེས་པའི་བརྗོད་དོན་གཙོ་བོའི་ལག་སྐྱེས་ཕུལ། ཁོང་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་བཀུར་བསྟི་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་བཙུགས་ཏེ་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས་དུས་རབས་གསར་བའི་བོད་ལྗོངས་ཀྱི་ཞི་མཐུན་བརྟན་ལྷིང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།