བོད་ལྗོངས་ཀྱི་ཡུལ་སྐོར“མྱུར་སྐྱོད་དལ་སྐོར”གྱི་དུས་མཚམས་གསར་པར་སླེབས་པ།

W020210706494330015887.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས5ཉིན་གསར་འགོད་པས“མྱུར་སྐྱོད་དལ་སྐོར”བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་འོས་སྦྱོར་བྱ་འགུལ་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ་དང་ཆབས་ཅིག་ཏུ། བོད་ལྗོངས་ཀྱི་ཡུལ་སྐོར་ལ་མཁའ་ལམ་དང་ལྕགས་ལམ། མཐོ་རིམ་གཞུང་ལམ་སོགས་ཀྱི་ཡུལ་སྐོར་ཐོན་རྫས་གསར་རྐྱང་ཞིག་ཆགས་པ་དང་། བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན་ཏེ། བོད་ལྗོངས་འདི་ཉིད“མྱུར་སྐྱོད་དལ་སྐོར”གྱི་དུས་མཚམས་གསར་པར་སླེབས།

W020210706493794466623.png

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བོད་ལྗོངས་ཀྱི“མྱུར་སྐྱོད་དལ་སྐོར”གྱི་ཡུལ་སྐོར་ཁྲོམ་ར་འོས་སྦྱོར་བྱ་འགུལ་སྤེལ་བའི་དོན་སྙིང་ནི་བོད་ལྗོངས་སུ“མྱུར་བགྲོད་ལྕགས་ལམ་གྱི་རྒྱབ་ལྗོངས”འོག ཡུལ་སྐོར་ཆེན་མོའི་རྣམ་པ་ཆགས་པར་བྱས་ཏེ། འགྲུལ་པའི་འགྲུལ་བཞུད་ཀྱི་དུས་ཚོད་ཇེ་ཐུང་དུ་གཏོང་རྒྱུ་དང་། མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ས་ཚིགས་སུ་སྡོད་པའི་དུས་ཚོད་ཇེ་རིང་དུ་གཏོང་རྒྱུ་རེད།  བོད་ལྗོངས་ཀྱི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཤར་གཏོང་ཐུབ་པ་དང་། པེ་ཅིན་ནས་ཉིང་ཁྲིའི་བར་གྱི་ཐད་གཏོང་དུས་གཏན་གནམ་གྲུ་བསྐྱར་དུ་གཏོང་མགོ་ཚུགས་པའི་གོ་སྐབས་དམ་འཛིན་བྱེད་པའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་གསར་བརྗེའི་ཡུལ་སྐོར་ཐོན་རྫས་དང་མྱུར་བགྲོད་ལྕགས་ལམ་གྱི་ཡུལ་སྐོར་ཐོན་རྫས་འོས་སྦྱོར་བྱེད་པ་དང་པེ་ཅིན་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཁྲོམ་ར་སྔར་བས་རྒྱ་སྐྱེད་གཏོང་བ། བོད་ལྗོངས་ཀྱི་ཡུལ་སྐོར་སྤུས་རྟགས་ལ་བསྔགས་བརྗོད་ཐོབ་ཚད་ཆེ་རུ་གཏོང་བ། ས་ཁོངས་ཀྱི་འབྲེལ་གཏུག་དང་རོགས་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བོད་ལྗོངས་ཀྱི་ཡུལ་སྐོར་སྔར་བས་ལེགས་པ་དང་སྔར་བས་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཆེད་རེད། །

W020210706494330171167.png

W020210706494330321753.png

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།