བོད་ལྗོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་27ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས་ལྷ་སར་ལྗོངས་ཡོངས་ཀྱི་ཁག་དང་པོའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་རང་ངོས་ཀྱི་གསར་བརྗེར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། ཁག་དང་པོའི་སློབ་གསོ་བཅོས་སྒྲིག་ཟླ་2པའི་ཟླ་མཇུག་ནས་འགོ་ཚུགས་པ་དང་། དུས་ཡུན་ཟླ་4ཙམ་ཡིན་པ་དང་། སློབ་གསོ་བཅོས་སྒྲིག་བྱ་ཡུལ་ནི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཨུད་ཀྱི་སྲིད་ཁྲིམས་ཨུ་ལྷན་དང་། སྲིད་ཁྲིམས་ཚན་པ། དེ་བཞིན་བཙོན་ཁང་གི་དུག་གཅོད་ཁོངས་གཏོགས་བཅས་རེད།

སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་བྱེད་འགོ་བཙུགས་ཚུན། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་ཚུགས་གནས་མཐོ་པོས་འགོ་ཁྲིད་སྒྲིག་འཛུགས་དང་། སྤུས་ཚད་མཐོ་པོས་སྤྱི་འདོམས་སྐུལ་འདེད། ཕྱོགས་ཡོངས་ལ་ཁྱབ་པའི་ངང་སྐུལ་སློང་བཀོད་སྒྲིག འཁོར་འབྲེལ་ཧྲིལ་པོས་བཀོད་གཏོང་དོན་འཁྱོལ་བཅས་བྱས་ཏེ། སློབ་གསོ་བཅོས་སྒྲིག་ཏན་ཏིག་ངང་སྤེལ་བ་དང་བདེ་བླག་ངང་སྐུལ་འདེད་བཏང་བར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

དེའི་རིང་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་སློབ་སྦྱོང་སློབ་གསོ་དེ་སློབ་གསོ་བཅོས་སྒྲིག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། གྲོང་ཁྱེར་དང་ས་ཁུལ་7དང་རྫོང(ཆུས)ཨུད་ཀྱི་ཧྲུའུ་ཅི་74ཡིས་སྣེ་ཁྲིད་ནས་ཏང་གི་སློབ་ཚན་ཁྱོན་ཡོངས་ལ་འཁྲིད་རྒྱུ་མཐའ་འཁྱོངས་བྱས་ཤིང་། སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་ཙུའི(ཏང་ཨུད)ཧྲུའུ་ཅི་ཡིས་ཏང་གི་སློབ་ཚན་ཐེངས་278ཁྲིད་པ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི(ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན)ཡིས་སྲིད་གཙང་གི་སྙན་ཞུ་ཐེངས་89བྱས་པ། བགྲོ་གླེང་ཚོགས་འདུ་སྣ་ཚོགས་དང་གསོ་སྦྱོང་འཛིན་གྲྭ་ཐེངས་2086གཉེར་བར་མི་ཐེངས་114769ཞུགས་པ། ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་སྲིད་གཙང་སློབ་གསོའི་རྟེན་གཞི་སོགས་ལ་ལྟ་སྐོར་ཁག་ཐེངས་588བྱས་པར་མི་ཐེངས་41589ཞུགས་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་བྱེད་སྤྱོད་ཐེར་འདོན་ཐེངས་358བྱས་པ། ས་ཁུལ་དང་རྫོང(ཆུས)གི་རིམ་པ་གཉིས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་100%ཡིས་ཆོས་ལ་དད་པ་མི་བྱེད་པའི་ཁས་ལེན་ཡི་གེ་རང་རྟོགས་ངང་བཞག་ཡོད། སྒོ་འབྱེད་གསལ་འདེབས་དང་ལེན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་བསམ་འཆར་10064བསྡུ་ལེན་བྱས་པ་དང་། རང་ངོས་ལ་གནས་པའི་གནད་དོན་15175ལ་ཞིབ་ལྟ་བྱས་པར་བཅོས་སྒྲིག་བྱེད་ཚད་95.7%ཟིན་ཡོད།

ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་གྲི་དངོ་ནང་དུ་བཀུག་པའི་ཆོད་སེམས་བརྟན་དུ་བཏང་སྟེ་རུས་གཞོག་དུག་སེལ་གྱི་དཔའ་སྟོབས་བཅངས་ནས་མི་ཁྱུར་གནོད་པའི་མི་ངན་ལ་ཆད་གཅོད་ནན་པོ་བྱས་ཤིང་། ཟླ་6ཚེས་23ཉིན་བར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མི་152གྱོད་དོན་ཐོ་འགོད་བྱས་པ་དང་མི་6ཟུར་འཇོག་བྱས་པ་དང“རྣམ་པ་རིགས་བཞིའི”ཐོག་ནས་མི་324ལ་ཐག་གཅོད་དང་ཆད་པ་བཅད་ཡོད། དེའི་ནང་རྣམ་པ་དང་པོར(གླེང་མོལ་དྲན་སྐུལ་དང་། སྐྱོན་བརྗོད་སློབ་གསོ། འགན་དཀྲིས་ཞིབ་བཤེར། བརྡ་ཁྱབ་སྐྱོན་བརྗོད། བསླབ་འདོམས་སྐུལ་ལྕག་སོགས)བརྟེན་ནས་མི་211ཐག་གཅོད་བྱས་པ་དེས་65.1%བཟུང་བ་དང་། རྣམ་པ་གཉིས་པར(ཐ་ཚིག་བསྒྲགས་ནས་ཉེས་ཐོ་འགོད་པ་དང་། ཐ་ཚིག་ནན་པོ་བསྒྲགས་ནས་ཚབས་ཆེའི་ཉེས་ཐོ་འགོད་པ། ལས་མཚམས་འཇོག་པ་དང་གནས་དབྱུང་གཏོང་བ་སོགས)བརྟེན་ནས་མི་82ཐག་གཅོད་བྱས་པ་དེས་25.3%བཟུང་བ། རྣམ་པ་གསུམ་པར(གནས་དབྱུང་གཏོང་བ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ། རིམ་པ་གཅོག་པ། ཏང་གི་སྐྱིད་སྡུག་ནས་འབུད་པ་སོགས)བརྟེན་ནས་མི་19ཐག་གཅོད་བྱས་པ་དེས་5.9%བཟུང་བ། རྣམ་པ་བཞི་པར(སྲིད་ཁྲིམས་ལས་ཁུངས་ལ་རྩིས་སྤྲོད་པ་དང་ཉེས་ཁྲིམས་གཅོད་པ)བརྟེན་ནས་མི་12ཐག་གཅོད་བྱས་པ་དེས་3.7%བཟུང་ཡོད། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བ་དང་གླེང་མང་བའི་གནད་དོན་དང་། གཞུང་དྲང་ཁྲིམས་འཛིན་དང་སྲིད་འཛིན་ལ་ཚོད་འཛིན་ཕོག་པའི་འགག་ས། སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་རྐྱེན་ཐེབས་པའི་དཀའ་གནད་བཅས་ལ་དམིགས་ཏེ“ཐག་གཅོད་དཀའ་བའི་གནད་དོན་རྙིང་པ་ཆེན་པོ་དྲུག”བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཤིང་། ཟླ་6ཚེས་15ཉིན་བར་ཁྲིམས་འཛིན་ཐེ་ཇུས་སྐོར་གྱི“གཏན་འབེབས་གསུམ”ལས་འགལ་བའི་གནད་དོན་3359ཞིབ་དཔྱད་གཏན་འཁེལ་བྱས་པ་དང་གནད་དོན་2271བཅོས་སྒྲིག་ཐག་གཅོད་བྱས་པ་དང་། ལས་གནས་ལས་བྲལ་བའི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱིས་སྒྲིག་འགལ་ངང་ཁྲིམས་རྩོད་པའི་ལས་ཀར་ཞུགས་པ་དང་ཁྲིམས་འཛིན་བར་ཁེ་བ་བྱས་པའི་གྱོད་གཞིའི་མི་8ཞིབ་དཔྱད་གཏན་འཁེལ་བྱས་པ་དང་མི་8བཅོས་སྒྲིག་ཐག་གཅོད་བྱས་པ། “གྱོད་གཞི་ཐོན་ཡང་གྱོད་དོན་ཐོ་འགོད་མ་བྱས་པ་དང་། གྱོད་གསོག་ཐེབས་ཀྱང་ཞིབ་བཤེར་མ་བྱས་པ། ཉེས་པ་བསགས་ཀྱང་རྩད་གཅོད་མ་བྱས་པ”བཅས་ཀྱི་གནད་དོན་1541ཞིབ་དཔྱད་གཏན་འཁེལ་བྱས་པ་དང་གནད་དོན་765བཅོས་སྒྲིག་ཐག་གཅོད་བྱས་པ། ལས་བྱེད་ཉེན་རྟོག་པས་སྒྲིག་འགལ་ངང་ཁེ་ལས་གཉེར་སྐྱོང་དང་ནང་མིས་གཉེར་སྐྱོང་བྱས་པའི་གནད་དོན་242ཞིབ་དཔྱད་གཏན་འཁེལ་བྱས་པ་དང་གནད་དོན་165བཅོས་སྒྲིག་ཐག་གཅོད་བྱས་པ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས“སྒྲིག་འགལ་ངང་མ་རྐང་ནང་ཞུགས་པ་དང་དངུལ་བུན་གཡར་བའི”གནད་དོན་78ཞིབ་དཔྱད་གཏན་འཁེལ་བྱས་པ་དང་གནད་དོན་63བཅོས་སྒྲིག་ཐག་གཅོད་བྱས་པ། དུས་རབས་གོང་མའི་ལོ་རབས་90པའི་ཚུན་གྱི་སྒྲིག་འགལ་ཁྲིམས་འགལ་གྱི“ཁྲིམས་ཆད་ཡང་བཟོས་བཏང་བ་དང་། དངོས་མིན་བཙོན་འགྲོལ་བཏང་བ། གནས་སྐབས་ཁྲིམས་ཆད་ཕྱིར་འཁུར་བྱས་པ”བཅས་ཀྱི་གྱོད་གཞི་914ཁྲིམས་ལྟར་ཡོ་བསྲང་བྱས་པ་རེད།

མི་ཁྱུར་གནོད་པའི་མི་ངན་དང་ཐག་གཅོད་དཀའ་བའི་གནད་དོན་རྙིང་པ་བཅོས་སྒྲིག་བྱས་པ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ཏེ་མང་ཚོགས་ལ་བྱ་བ་དངོས་ཁག་20691བསྒྲུབས་པ་དང་། དམངས་བདེ་དམངས་ཕན་གྱི་བྱ་ཐབས་791བརྒྱུད་རིམ་ལྡན་པའི་ངང་བཏོན་པས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།

རྒྱུན་བཅོས་ཕུགས་ཕན་ལ་གཞིས་བཙུགས་ཏེ་དངོས་སྒྲུབ་གོ་ཆོད་ཀྱི་སྒྲིག་སྲོལ་ལམ་ལུགས་རབ་དང་རིམ་པ་བཏོན་ཞིང་། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཚན་པ་དང་གྲོང་ཁྱེར་དང་ས་ཁུལ་ཁག་གིས་སྒྲིག་ཡིག་དང་ལམ་ལུགས་91བཟོས་པ་ལས་རང་སྐྱོང་ལྗོངས་རིམ་པའི་18དང་། གྲོང་ཁྱེར་དང་ས་གནས་རིམ་པའི་31 རྫོང(ཆུས)རིམ་པའི་42 དེ་བཞིན་སྲིད་ཁྲིམས་ཨུ་ལྷན་ཁོངས་གཏོགས་ཀྱི་15དང། ཁྲིམས་ཁང་ཁོངས་གཏོགས་ཀྱི་16 ཞིབ་དཔྱོད་ཁོངས་གཏོགས་ཀྱི་28 སྤྱི་བདེ་ཁོངས་གཏོགས་ཀྱི་19 ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་13བཅས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།