ས་སྐྱ་རྫོང་གིས་མཉམ་ལས་ཁང་ཚད་ལྡན་དང་ལེགས་སུ་གཏོང་བའི་ལས་དོན་ལ་དམ་འཛིན་ནན་པོ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་པའི་ཆེད་ལས་མཉམ་ལས་ཁང་སྐྱོན་བྲལ་དང་། གོ་རིམ་ལྡན་པ། ཚད་ལྡན་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བའི་འགན་ལེན་བྱ་ཆེད། ས་སྐྱ་རྫོང་གིས“སྔོན་ལ་འཕེལ་རྒྱས་གཏོང་བ་དང་། རྗེས་སུ་ཚད་ལྡན་དུ་གཏོང་བ། དེ་ནས་རིམ་པ་མཐོ་རུ་གཏོང་བ”བཅས་ཀྱི་སྤྱིའི་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་། མཉམ་ལས་ཁང་ཚད་ལྡན་དང་ལེགས་སུ་གཏོང་བའི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ནས་ཞིང་པའི་བྱེད་པོའི་གནས་བབ་དང་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱས་པ་དང་། བྱ་ཐབས་སྣ་ཚོགས་སྤྱད་དེ་གྲོང་ཚོའི་ལས་བྱེད་པའི་མཐོང་རྒྱ་ཡངས་སུ་བཏང་ནས་ཏང་ཀྲི་པུའུ་ལ་མཉམ་ལས་ཁང་གི་འཕེལ་རྒྱས་བསམ་ཕྱོགས་གསལ་བཟོ་དང་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་རོགས་བྱས་པ་རེད།

དྲིལ་བསྒྲགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ནང་དོན་གཙོ་བོར་བྱས་ནས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་དངོས་ཡོད་དོན་སྙིང་དང་། གཉེར་སྐྱོང་བྱེད་སྟངས། དེ་བཞིན་ཁེ་ཕན་བགོ་བཤའ་རྒྱག་སྟངས་བཅས་ལ་ངོས་འཛིན་དང་ཤེས་རྟོགས་བྱེད་པ་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་དང་ནོར་དོན་དོ་དམ་སོགས་མི་སྣའི་བསམ་བློའི་འདུ་ཤེས་འགྱུར་ལྡོག་གཏོང་བ། དེའི་དོ་དམ་འཇོན་ཐང་ཆེ་རུ་གཏོང་བ། ཞིང་པའི་ཆེད་ལས་མཉམ་ལས་ཁང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། དེའི་གཉེར་སྐྱོང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཡོད།

ཁྲིད་སྟོན་རིམ་སྤོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཚད་ལྡན་ཅན་གྱི་འཛུགས་སྐྱོང་འཇུག་གཞིར་བྱས་ཏེ་མང་ཚོགས་ཀྱིས་ས་ཞིང་བརྒྱུད་བཤུག་དང་མཉམ་ལས་ཁང་ཚབ་གཉེར་སོགས་ཀྱི་རྣམ་པར་བརྟེན་ནས་ཞིང་པའི་མཉམ་ལས་ཁང་ལ་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་སྤྱོད་རྒྱུར་ལྕག་སྐུལ་དང་། ཁོངས་མིར་ཡུག་སྦྲེལ་འདེབས་འཛུགས་དང་གཞི་ཁྱོན་ལྡན་པའི་གསོ་ཚགས་བྱ་རྒྱུའི་སྐུལ་ཁྲིད། ཚད་ལྡན་ཅན་གྱི་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན། ལེགས་ཆའི་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ནས། “གྲོང་ཚོ་རེར་སྤུས་རྟགས་རེ”ཧུར་ཐག་བཏོད་པ་རེད།

དཔེ་སྟོན་མཉམ་ལས་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཅིང་། “གནད་ཀྱིས་ཐིག་ཁྲིད་པ་དང་། ཐིག་གིས་ཁྱོན་ལ་སྐུལ་འདེད་གཏོང་བའི་”བྱེད་ཐབས་སྤྱད་དེ་ཤང་དང་གྲོང་རྡལ་ཁག་ལ་ཚན་ཁག་ནུས་ལྡན་དང་། གཉེར་སྐྱོང་ཚད་ལྡན། ཕན་འབྲས་བཟང་པོ་བཅས་ཀྱི་དཔེ་སྟོན་མཉམ་ལས་ཁང་ཁག་གཅིག་སྐྱེད་སྲིང་དང་བསྐྲུན་རྒྱུར་ཁྲིད་སྟོན་བྱས་ནས་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་། ཁྲིམས་མི་བཅོས་སྐྱོང་། གཉེར་སྐྱོང་འཁོར་རྒྱུག ཁེ་ཕན་བགོ་བཤའ། ལྟ་སྐུལ་དོ་དམ་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་རེད། རྫོང་རིམ་པའི་འགོ་ཁྲིད་ཀྱིས་འབྲེལ་གཏུག་དང་། མཛུབ་ཁྲིད། རོགས་སྐྱོར་བཅས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་གནས་སྦྱར་འགོ་ཁྲིད་ཀྱིས་ཟླ་རེར་འབྲེལ་གཏུག་བྱེད་གནས་སུ་མཛུབ་ཁྲིད་ཀྱི་ལས་དོན་རེ་སྤེལ་ནས་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་ཏེ་དཔེ་སྟོན་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།