རྩམ་པའི་དྲི་ཞིམ་ཕྱོགས་བཅུར་འཐུལ། ལྷད་མེད་བཟའ་བཅའ་བྲིན་ཁ་རྒྱུག

—— སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་ཞི་བདེ་གྲོང་ཚོའི་རྩམ་པའི་ཐོན་ལས་ཀྱི་འཕེལ་རྒྱས་སྐོར་བཀོད་པ།

e628e316-b8db-4126-b4ac-1bb3acf16499.jpg

འདི་ནི་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་ཞི་བདེ་གྲོང་ཚོའི་ཞི་བདེའི་ནས་ཀྱི་བཟའ་བཅའ་ཚད་ཡོད་ཀུང་སིའི་མེན་པའོ་འཁོར་ཁང་གི་བཟོ་པས་མེན་པའོ་བཟོ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་ཞི་བདེ་གྲོང་ཚོ་ནི་མངའ་རིས་ས་ཁུལ་དུ་ནས་དང་པད་ཁའི་ཐོན་འབོར་ཆེ་བའི་ས་ཆ་ཉུང་ཤས་ཤིག་ལས་མེད་པའི་ཁྲོད་ཀྱི་གྲས་ཤིག་རེད། ས་བབ་དམའ་བ་དང་ཉི་འོད་ཕོག་ཤུགས་ཆེ་བའི་རང་བྱུང་ཆ་རྐྱེན་ལས་ས་གནས་དེ་གས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྐྱེད་སྲིང་དང་སྟོབས་ཆེར་བཏང་བ་རེད། 2002ལོར་ཞི་བདེ་རྩམ་པ་ལས་སྣོན་བཟོ་གྲྭ་བཙུགས་པ་དང་། མཉམ་ལས་ཁང་གིས་གཙོ་བོ་རྩམ་པ་དང་པད་ཁ་ལས་སྣོན་བྱེད་ཀྱི་ཡོད། དེ་རྗེས་ཀྱི་ལོ་ཤས་རིང་། སྤུ་ཧྲེང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་270བཏང་ནས་ཐོན་སྐྱེད་ཆ་རྐྱེན་ལེགས་སུ་བཏང་བས་བཟོ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་700དང་། ཆུ་འཁོར་14 འཁོར་ཁང་2 དེ་བཞིན་བརྔོ་ཁང་སོགས་ཡོད་པ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་འགོ་ཚུགས་ཚུན། ཧྲའན་ཤིས་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་རྒྱབ་སྐྱོར་ཤུགས་ཆེན་འོག 2018ལོར་ཞི་བདེ་རྩམ་པ་ལས་སྣོན་བཟོ་གྲྭས་སླར་ཡང་བོད་སྐྱོར་མ་དངུལ་སྒོར་ཁྲི་665.22བཏང་ནས་རྩམ་པ་ལས་སྣོན་བཟོ་ཁང་དང་རྩམ་པའི་བག་ལེབ་ཐོན་སྐྱེད་སྒྲུབ་རིམ་གསར་དུ་བསྐྲུན་པ་རེད། 2019ལོར་ཞི་བདེ་གྲོང་ཚོའི་སྣུམ་དང་རྩམ་པ་ལས་སྣོན་མཉམ་ལས་ཁང་ཟླ་སྒྲིལ་བཏང་བ་བརྒྱུད་ཞི་བདེའི་ནས་ཀྱི་བཟའ་བཅའ་ཚད་ཡོད་ཀུང་སི་བཙུགས་པར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་བརྒྱ་ཙམ་བྱུང་བ་རེད། 2020ལོར་ཞི་བདེའི་རྩམ་པ་དེ“རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས”སུ་རེ་ཞུ་ལམ་ལྷོངས་བྱུང་བ་དང་། ཀུང་སིས་གསར་དུ་བསྐྲུན་པའི་མེན་པའོ་ཐོན་སྐྱེད་འཁོར་ཁང་ཐོན་སྐྱེད་བྱེད་འགོ་ཚུགས་པས་བྲོ་བ་ཞིམ་ལ་མངར་བསིལ་ལྡན་པའི་མེན་པའོ་ལ་རྒྱ་ཆེའི་སྐུ་མགྲོན་ཚོའི་གདེང་འཇོག་ཡག་པོ་ཐོབ་ཡོད།

ཀུང་སིའི་སྣེ་ཁྲིད་འོག སྤུ་ཧྲེང་རྫོང་ཡོངས་སུ་ནས་དཀར་མུའུ་3159.01འདེབས་འཛུགས་བྱས་པ་དང་། དེའི་ནང་ཞུགས་མཁན་མང་ཚོགས་དུད་ཚང་200ལྷག་ཙམ་ཟིན་པར་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་100དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་འདེབས་འཛུགས་ཡོང་འབབ་སྒོར་ཁྲི་31.6བྱུང་ཞིང་། ཀུང་སིས་གཏན་འཇགས་ལས་དོན་མི་སྣ་ཕུད་ད་དུང་ལས་སྒྲུབ་ཚོགས་ཆུང་གིས་རེས་མོས་ངང་མི་སྣ་བཀོད་སྒྲིག་བྱེད་པའི་བྱེད་ཐབས་སྤྱད་དེ། རིམ་རྩིས་བྱས་ན་མང་ཚོགས་མི་ཐེངས་127ལ་ངལ་ནུས་བཀོད་སྒྲིག་བྱས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་མི་ཐེངས་101ལ་ངལ་ནུས་ཡོང་འབབ་སྒོར་ཁྲི་33བྱུང་ཡོད། དེ་དང་ཆབས་ཅིག་ཁེ་སྤོགས་བགོ་བཤའ་བརྒྱབ་པ་བརྒྱུད་། མང་ཚོགས་འབབ་འཕར་བྱུང་ཞིང་། འདི་ལོའི་ཟླ་4པའི་བར་ཀུང་སིས་ཞི་བདེ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་28ལ་རིམ་རྩིས་བྱས་ན་ཁེ་སྤོགས་སྒོར་ཁྲི་32.3བགོས་ནས་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རམ་འདེགས་ནུས་ལྡན་བྱས་པ་རེད།

ཞི་བདེ་གྲོང་ཚོའི་རྡོ་སྒང་ཚོགས་ཆུང་གི་མང་ཚོགས་དངོས་གྲུབ་བཟང་མོ་ནི་ད་ལྟ་ཞི་བདེའི་ནས་ཀྱི་བཟའ་བཅའ་ཚད་ཡོད་ཀུང་སིའི་མེན་པའོ་འཁོར་ཁང་དུ་ཡོད་པ་དང་ཟླ་རེར་གླ་ཆ་སྒོར་4800ཡོད། བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས“རང་ཉིད་ཁྱིམ་གྱི་སྒོ་རྩར་ལས་ཀ་བྱེད་ཀྱི་ཡོད། ཡོང་འབབ་ཀྱང་ཡག་པོ་འདུག ད་དུང་མེན་པའོ་བཟོ་སྟངས་ཤེས་བྱུང་། ཏང་དང་སྲིད་གཞུང་གིས་ང་ལ་འཚོ་བ་ཡག་པོ་ཞིག་གནང་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་དགའ་ཚོར་ཆེན་པོས་བརྗོད།

“གོམ་སྟབས་རྗེས་མར་ང་ཚོས་མུ་མཐུད་ཐོན་ལས་འཁོར་འབྲེལ་གཏིང་ཟབ་ཏུ་བཏང་ནས་ཁྲོམ་རའི་མི་མངོན་པའི་ནུས་པ་དང་དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པའི་ཐོན་རྫས་གསར་སྤེལ་ཧུར་ཐག་བྱེད་རྒྱུ་དང་། ཐོན་རྫས་ཀྱི་གྲུབ་ཆ་བཟང་སྒྲིག་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ‘ཞི་བདེ་གྲོང་ཚོའི་རྩམ་པ་དཀར་པོའི’ས་ཁམས་མཚོན་རྟགས་ལ་བརྟེན་པ། ཐོན་རྫས་ལ་ཁྲོམ་རའི་ཚོང་ལམ་གཏོད་པ་བཅས་བྱས་ཏེ་འཛད་སྤྱོད་པའི་སེམས་ནང་སྤུས་ཀ་ལེགས་པའི་ཐོན་རྫས་ཀྱི་གཟུགས་བརྙན་གཏོད་རྒྱུ་ཡིན”ཞེས་ཞི་བདེའི་ནས་ཀྱི་བཟའ་བཅའ་ཚད་ཡོད་ཀུང་སིའི་ཅིང་ལི་ཕུར་བུ་ཚེ་རིང་གིས་གདེང་ཚོད་ཆེན་པོས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།