ཆབ་མདོ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི“མ་དངུལ་གསུམ”གྱི་དོ་དམ་ལས་སྟེགས་ཀྱི་མཉམ་ལས་གྲོས་མཐུན་བཞག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། ཆབ་མདོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་དང་ཀྲུང་གོ་ཞིང་ལས་དངུལ་ཁང་ཆབ་མདོ་ཡན་ལག་དངུལ་ཁང་གིས《ཆབ་མདོ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི“མ་དངུལ་གསུམ”གྱི་དོ་དམ་ལས་སྟེགས་གསང་སྲུང་གྲོས་མཐུན》དང《གྲོང་གསེབ་ཀྱི“མ་དངུལ་གསུམ”གྱི་དོ་དམ་ལས་སྟེགས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཞག་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “མ་དངུལ་གསུམ”གྱི་དོ་དམ་ལས་སྟེགས་ནི་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་ལ་སྒྱུར་བཅོས་བྱས་རྗེས་བཙུགས་པའི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་མ་རྐང་མཉམ་ལས་ཁང་གིས་མཉམ་ལས་ཁང་གི་མིང་ཐོག་ནས་བཙུགས་པའི་དངུལ་ཁང་རྣམ་པའི་ལས་སྟེགས་ཤིག་རེད། ཀྲུང་གོ་ཞིང་ལས་དངུལ་ཁང་ཆབ་མདོ་ཡན་ལག་དངུལ་ཁང་གིས་རིན་མེད་ངང“མ་དངུལ་གསུམ”གྱི་དོ་དམ་ལས་སྟེགས་བརྒྱུད་གྲོང་ཁྱེར་ཁོངས་གཏོགས་ཀྱི་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་མ་དངུལ་དྲ་ཐོག་ནས་གཅིག་གྱུར་མཇུག་རྩིས་རྒྱག་པ་དང་། མཉམ་སྡེབ་མ་དངུལ་དོ་དམ་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། མཇུག་རྩིས་སྟབས་བདེ་ཡོང་བ། ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པ་མ་ཟད། གྲོང་ཚོའི་མཉམ་སྡེབ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་གཞིར་བཟུང་སྡེབ་གཅིག་ཏུ་བདག་སྤྲོད་དང་། སྡེབ་གཅིག་ཏུ་ཡིད་རྟོན། སྡེབ་གཅིག་ཏུ་ཞིབ་དཔྱད། དངུལ་བུན་མགྱོགས་མྱུར་གཏོང་བ་བཅས་ཀྱི་དངུལ་རྩའི་ཞབས་འདེགས་ཞུས་པ་དང་ཆབས་ཅིག་དུས་བཀག་དང་དུས་ངེས་མེད་དུ་ལས་དོན་མི་སྣར་སློབ་ཡོན་མི་དགོས་པར་གསོ་སྦྱོང་བྱས་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།