ལྷོ་ཁའི་ལྗང་མདོག་ཞིང་ལས་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་སྐྱོར་བྱས་པ།

W020210616405523867992.jpg

པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། “མཛེས་སྡུག་ལྡན་པའི་ཞིང་སྡེའི་ཡུལ་སྐོར་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ”ཞེས་པའི་བྱ་འགུལ་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གཞི་ཕུ་ཞིང་ལས་རྟེན་གཞིར་སྤེལ་བ་རེད། ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག ཉེ་བའི་ལོ་འགའི་རིང་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱིས་ཞིང་ལས་རྟེན་གཞིའི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། 

རྟེན་གཞིའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྟེན་གཞི་དེས་དེང་རབས་ཞིང་ལས་ལ་བརྟེན་པ་དང་ཞིང་སྡེའི་ཡུལ་སྐོར་གྱིས་འདེགས་སྐྱོར་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ཕ་ཡུལ་དང་ཁ་བྲལ་མི་དགོས་པར་ཐག་ཉེ་ས་དང་སྟབས་བདེ་སར་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ལ། ས་གནས་དེ་གའི་མང་ཚོགས150དང་སློབ་ཆེན་སློབ་མ20ཡི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ད་དུང་ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་བྱུང་བ་དང་ཆབས་ཅིག་ཏུ་ལག་རྩལ་ཡང་ཤེས་ཡོད།

W020210616406002458478.jpg

པར་འདི་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་རྟེན་གཞིའི་ནང་སིལ་ཏོག་སྲེའུ་འཐོག་བཞིན་པ། 

རྒྱུས་ལོན་བྱུང་བར་གཞིགས་ན། ཉེ་བའི་ལོ་འགའི་རིང་ལྷོ་ཁ་གྲོང་ཁྱེར་གྱིས་སྔ་རྗེས་སུ་ལྗང་མདོག་ཁེ་ལས་སྐོར་གཅིག་ནང་འདྲེན་བྱས་ཏེ་མུའུ་ཁྲི་ཡི་སྡོང་ཕྲུག་རྟེན་གཞི་དང་། མུའུ་སྟོང་གི་ཀུ་ཤུའི་རྟེན་གཞི། མུའུ་སྟོང་གི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི། མུའུ་སྟོང་གི་མངར་ཤིང་རྟེན་གཞི། མུའུ་བརྒྱ་ཡི་སྲེའུ་སྡོང་རྟེན་གཞི་སོགས་སྐྱེ་ཁམས་ཐོན་ལས་རྣམ་གྲངས་སྐོར་གཅིག་བསྐྲུན་པས་སྐྱེ་ཁམས་འདེབས་འཛུགས་དང་། སྐྱེ་ཁམས་ཡུལ་སྐོར་གྱི་སྣ་མང་ཅན་གྱི་སྐྱེ་ཁམས་ཐོན་ལས་དབུལ་སྐྱོར་མ་ལག་ཅིག་ཆགས་ཡོད། རྣམ་གྲངས་ལག་བསྟར་བྱས་པ་དེས་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་མ་ཟད། ཡོང་འབབ་དམའ་བའི་མང་ཚོགས་ཚོས་ངལ་ལས་ལ་བརྟེན་ནས་དེང་རབས་ཅན་གྱི་འདེབས་གསོའི་ལག་རྩལ་སློབ་སྦྱོང་བྱས་ཏེ། ཐག་ཉེ་ས་དང་སྟབས་བདེ་སར་འབབ་འཕར་བྱུང་བ་དང་ལས་ཞུགས་འབབ་འཕར་གྱི་འདུ་ཤེས་ལ་འགྱུར་ལྡོག་བྱུང་ཡོད། །

W020210616406201515045.jpg

པར་འདི་ནི་རྟེན་གཞིའི་ནང་བཏབ་པའི་མེ་ཏོག་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།