“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་རིགས་ཁག་གི་བྱེ་འགོག་བྱེ་བཅོས་ཀྱི་བཟོ་སྐྲུན་སྤྱི་ཆིང་ཁྲི13.93ལེགས་འགྲུབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་མྱ་ངམ་ཐང་དང་བྱེ་འགྱུར་གྱི་ལྟ་ཞིབ་ཚད་ལེན་ཐེངས་ལྔ་བར་གཞིགས་ན། བོད་ལྗོངས་ཀྱི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱི་ཆིང་ཁྲི2158.36ལ་ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁོངས་རྒྱ་ཁྱོན་གྱི17.9%བཟུང་ནས་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད་པ་དང་།  བྱེ་འགྱུར་བཅོས་སྐྱོང་བྱས་ཆོག་པའི་ས་ཆ་སྤྱི་ཆིང་ཁྲི240ལྷག་ཡོད་ཅིང་། དེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་རྫོང(ཆུས)74རུ་ཁྱབ་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་བྱེ་འགོག་བྱེ་བཅོས་ཀྱི་གཙོ་གནད་བཟོ་སྐྲུན་འཛུགས་སྐྲུན་ནན་ཏན་བྱས་ཏེ་རིགས་ཁག་གི་བྱེ་འགོག་བྱེ་བཅོས་ཀྱི་བཟོ་སྐྲུན་སྤྱི་ཆིང་ཁྲི13.93ལེགས་འགྲུབ་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར5.23བཏང་ནས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”བྱེ་འགྱུར་ས་ཞིང་བཅོས་སྐྱོང་གི་ལས་འགན་ཚད་བརྒལ་ངང་ལེགས་འགྲུབ་བྱུང་ཡོད།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། བོད་རང་སྐྱོང་ལྗོངས་ཀྱིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་ནན་ཏན་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་པོར་འཛུགས་པའི་འཐབ་ཇུས་ལ་དམིགས་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱེ་འགོག་བྱེ་བཅོས་སྐོར་གྱི་བཅའ་ཁྲིམས》ལག་བསྟར་གཏིང་ཟབ་བྱས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་རྒྱུན་འཁྱོངས་དང་། གཅིག་གྱུར་བཀོད་སྒྲིག གཙོ་གནད་བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་དམ་འཛིན་ནན་མོ་བཅས་བྱས་ཏེ་ལས་དོན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་དང་འགན་སྲུང་བྱེད་ཐབས་ཁག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་དང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་ཁུངས་བཅོས་སྐྱོང་བཅས་བྱ་རྒྱུར་སྐུལ་འདེད་བཏང་ཡོད། བྱེ་འགོག་བྱེ་བཅོས་ཀྱི་གཙོ་གནད་བཟོ་སྐྲུན་ནན་ཏན་གྱིས་སྤེལ་ནས་རིགས་ཁག་གི་བྱེ་འགོག་བྱེ་བཅོས་ཀྱི་བཟོ་སྐྲུན་སྤྱི་ཆིང་ཁྲི13.93ལེགས་འགྲུབ་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར5.23བཏང་བ་དང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”བྱེ་འགྱུར་ས་ཞིང་བཅོས་སྐྱོང་གི་ལས་འགན་ཚད་བརྒལ་ངང་ལེགས་འགྲུབ་བྱུང་ཡོད། དེའི་ཁྲོད་བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ཀྱི་བྱེ་འགོག་བྱེ་བཅོས་བཟོ་སྐྲུན་སྤྱི་ཆིང་ཁྲི13.6ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར4.5བཏང་བ་དང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་ཆེད་དོན་བྱེ་འགོག་བྱེ་བཅོས་ལས་གཞི་སྤྱི་ཆིང2190ཡོད་པ་དང་མ་དངུལ་སྒོར་ཁྲི6450བཏང་བ་རེད། རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོང་ཁུལ3འཛུགས་སྐྲུན་བྱས་ནས་བཀག་སྡོམ་སྲུང་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི3ཙམ་ཟིན་པ་དང་མ་དངུལ་སྒོར་ཁྲི5138བཏང་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་གི་ལྗོངས་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།