ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྟོང་གིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཉིས་དྲིལ་བསྒྲགས་བྱས།

W020210609680014880423.jpg

པར་འདི་ནི་མགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས9ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི(རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི)སྟོང་གིས《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གའར་འཛུགས་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུས)དྲིལ་བསྒྲགས་ཀྱི་ལས་དོན་དངོས་སུ་སྤེལ་མགོ་ཚུགས།

ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ཟླ་བས《སྲོལ་ཡིག》གཉིས་ལ་སློབ་སྦྱོང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་དང་ལས་འགན་ཡིན་ལ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ལྷ་ས་གྲོང་ཁྱེར་གྱི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་སྡེ་ཚན། མི་དམངས་ཚོགས་པ། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་སྣེ་ཁྲིད་དེ་མི་རིགས་ཁག་གི་མི་དམངས་མང་ཚོགས་དང་མཉམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པ་དངསྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས། 《སྲོལ་ཡིག》གཉིས་སློབ་སྦྱོང་བྱེད་པའི་དཔེ་སྟོན་མཁན་དང་། དྲིལ་བསྒྲགས་བྱེད་པའི་སྣེ་ཁྲིད་མཁན། ཁྱབ་གདལ་གཏོང་བའི་ལག་ལེན་མཁན་བཅས་བྱེད་དགོས་པ་བསྟན།

W020210609680227864654.jpg

པར་འདི་ནི་མགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གིས་དྲིལ་བསྒྲགས་ལག་དེབ་ལེན་བཞིན་པའི་ཚུལ་རེད།

ལྷ་ས་གྲོང་ཁྱེར་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལའེ་ལི་ཧྥང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་སྲོལ་ཡིག་གཉིས་སློབ་སྦྱོང་དང་། དྲིལ་བསྒྲགས། ཁྱབ་གདལ། ལྟ་སྐུལ་བཅས་བྱེད་པའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་གིས་ཚང་མའི་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་འགན་འཁྲི་རང་རྟོགས་ངང་འཁུར་བར་སྣེ་ཁྲིད་བྱེད་དགོས་ཞེས་གསུངས།

བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གའར་འཛུགས་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》ས་གནས་རིང་བཞིན་གྱི་ཁྲིམས་སྲོལ་འདི་གཉིས2020ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། སྔ་མ་ནི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་པོ་ཡིན་པ་དང་། ཕྱི་མ་ནི་བོད་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་ཡིན། རྗེས་མར་ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མུ་མཐུད་དུ་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཏེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འདི་གཉིས་མི་སེམས་ལ་གཏིང་ཟབ་ཟུག་པར་བྱ་རྒྱུ་རེད། །


རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།