བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་བྱ་ཐབས་སྣ་མང་སྤྱད་དེ་ཆུ་དཔོན་ལམ་ལུགས་ཀྱི་གཙོ་གནད་ལས་དོན་ཁག་དོན་འཁྱོལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་རྒྱུས་ལོན་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་བོད་ལྗོངས་ཀྱི་གཙང་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་ལས་དོན་གྱི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ། ཆུ་དཔོན་ལམ་ལུགས་ཀྱི་འགག་རྩར་ཤུགས་སྣོན་རྒྱག་པར་དམ་འཛིན་ལེགས་པོ་བྱས་ནས་གཙང་བོ་དང་མཚེའུ་ཡི“གང་བྱུང་བཞི་གཙང་སེལ”གྱི་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དང་། བྱེ་མ་སྔོག་འདོན་དོ་དམ་ཚད་ལྡན་ཅན་གྱི“གཙོ་གནད་གཉིས”ལ་ཤུགས་སྣོན་རྒྱག་པ། གཙང་བོ་དང་མཚེའུ་ཡི་དོ་དམ་ཁྱབ་ཁོངས་ཀྱི་དབྱེ་འབྱེད་གྲུབ་འབྲས་ནང་དུ་གཏོགས་པའི“རྨང་གཞི་གསུམ”སོགས་བརྟན་དུ་བཏང་སྟེ། བྱ་ཐབས་སྣ་མང་སྤྱད་དེ་ཆུ་དཔོན་ལམ་ལུགས་ཀྱི་གཙོ་གནད་ལས་དོན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་། 

ད་ལོར། བོད་ལྗོངས་ཀྱིས་ཆུ་དཔོན་དང་མཚོ་དཔོན་གྱི་འགན་འཁྲི་གཙང་སྒྲུབ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་འཛུགས་པ། གཙང་བོ་དང་མཚེའུ་ལ་འབྲེལ་བའི་དོ་དམ་ལམ་ལུགས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། ཆུ་དཔོན་ལམ་ལུགས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་མུ་མཐུད་སྐུལ་འདེད་གཏོང་བ། རིམ་པ་ཁག་གི་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་དཔྱད་ཞིབ་དང་གསོ་སྦྱོང་སོགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཆུ་དཔོན་ལམ་ལུགས་ཀྱི་དྲིལ་བསྒྲགས་གསོ་སྦྱོང་གཏིང་ཟབ་བྱ་རྒྱུ་རེད།

དེ་དང་ཆབས་ཅིག་ཏུ་ད་ལོར་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཆུ་རྐ་རུ་བྱེ་མ་སྔོག་འདོན་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་ལྗོངས་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་ཆུ་ལམ་དུ་བྱེ་མ་སྔོག་འདོན་བྱེད་པར་ལྐོག་བཤེར་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ། རྡུང་རྡེག་ནན་མོ་གཏོང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ནས་ཁྲིམས་འགལ་ངང་བྱེ་མ་སྔོག་འདོན་བྱེད་པ་བསྐྱར་ལོག་བྱུང་བར་ནན་འགོག་བྱས། གཞན་ཡང་། བོད་ལྗོངས་ཀྱིས་ད་དུང་རང་སྐྱོང་ལྗོངས་ཀྱི་ཆུའི་སྲིད་འཛིན་གཙོ་གཉེེར་སྡེ་ཁག་སྒྲིག་འཛུགས་བྱས་ཏེ་གཙང་བོ་དང་མཚེའུ་དོ་དམ་ཁྱབ་ཁོངས་ཀྱི་དབྱེ་འབྱེད་གྲུབ་འབྲས་ལ་བསྐྱར་ཞིབ་བྱེད་པ་དང་། གཙང་བོ་དང་མཚེའུ་ཡི་བདེ་ཐང་གདེང་འཇོག་སོགས་ཀྱི་ལས་དོན་སྤེལ་ནས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་རེད།

གླེང་རིན་ཡོད་པ་ཞིག་ནི་ད་ལོར་བོད་ལྗོངས་ཀྱིས་རིག་ནུས་གཙང་བོ་དང་མཚེའུ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གཙང་བོ་དང་མཚེའུ་ཡི་དོོ་དམ་ཁྱབ་ཁོངས་དབྱེ་འབྱེད་དང་མཚོ་ངོགས་སྲུང་སྐྱོང་བེད་སྤྱོད་ཀྱི་འཆར་འགོད་གྲུབ་འབྲས་འཐུས་ཚང་དུ་གཏོང་བ། སྲུང་སྐར་རྒྱང་ཚོར་དང་མི་མེད་གནམ་གྲུ་སོགས་བེད་སྤྱོད་གང་ལེགས་བྱེད་པ། “གང་བྱུང་བཞིའི”གནད་དོན་གྱི་ལྟ་སྐུལ་དོ་དམ་བྱེད་ཐབས་ཕུན་སུམ་ཚོགས་པའི་ངང་འཐུས་ཚང་དུ་གཏོང་བ། བོད་ལྗོངས་ཀྱི་གཙང་བོ་དང་མཚེའུ་ཡི་དོ་དམ་ཆ་འཕྲིན་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་བཅས་བྱས་ཏེ་གྲངས་འཛིན་ཅན་དང་། རིག་ནུས་ཅན། ཞིབ་ཚགས་ཅན་བཅས་རིམ་བཞིན་མངོན་འགྱུར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།