ཏང་འཛུགས་སྐྱོང་གི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།

—— ཁང་དམར་རྫོང་གི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་སྐོར་བཀོད་པ།

2020ལོ་ཚུན་དུ། ཁང་དམར་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་གི“ལས་འགན་ཁག་བཅུ་གཉིས”ལ་དམ་འཛིན་ནན་པོ་བྱས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང“མོས་སེམས་ལྔའི”སློབ་གསོའི་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། རྫོང་ཡོངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ནུས་ལྡན་རྒྱག་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་ཀྱི་ཀྲི་པུའུ་ཚད་ལྡན་ཅན་འཛུགས་སྐྱོང་ཕྱོགས་ཡོངས་ནས་ལེགས་གྲུབ་བྱེད་པ། ཏང་ཡོན་གྱི“འགན་ལེན་གསུམ”གྱི་ལམ་སྲོལ་རིམ་བཞིན་གཏིང་ཟབ་ཏུ་གཏོང་བ། ཁྱབ་ཁོངས་ཁག་གི་ཏང་འཛུགས་སྐྱོང་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དུས་བདེ་དང་། འབྱོར་ཕྱུག ཤེས་དཔལ། ཁྲིམས་སྐྱོང་། བདེ་སྐྱིད། མཛེས་སྡུག་བཅས་ལྡན་པའི་ཁང་དམར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་པས། རྫོང་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་བ་དང་ཕན་འབྲས་དངོས་ཐོན་ཡོད།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ།

རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པའི་དགོངས་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བཅས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་གཞི་རིམ་རྩ་འཛུགས་ཀྱི་ལས་དོན་སྲོལ་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་མངོན་གསལ་དོད་པའི་སྟོན་ཕྱོགས་བརྟན་པོ་བཙུགས་ནས་སྲིད་འཛིན་གྲོང་ཚོ་47གྱི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་སྔོན་ལ་ལེགས་སྒྲུབ་བྱས་ཡོད།

“ཁང་དམར་གྲོང་རྡལ་བྲག་སྣེ་གྲོང་ཚོས་བཅོས་སྒྲིག་བྱས་པ་བརྒྱུད་པའེ་ཧྥུའུ་ཆིན་འདེབས་འཛུཌ་ཆེད་ལས་མཉམ་ལས་ཁང་གི་གླ་ཚེར་འདེབས་འཛུགས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་རྫོང་ཡོངས་ཀྱི་གླ་ཚེར་འདེབས་གསོའི་རྟེན་གཞི་བཏོད་དེ་མངགས་ཐོ་རྣམ་པའི་ཐོག་ནས་གླ་ཚེར་སྡོང་ཕྲུག་འདེབས་གསོ་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་12སྒོ་རྩར་ལས་ཞུགས་ཐུབ་པའི་རོགས་རམ་བྱས་ཡོད། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་བཏང་ནས་དུད་ཚང་རེར་ཁེ་སྤོགས་སྒོར་4500ཡན་བགོ་འགྲེམས་བརྒྱབ་ཡོད”ཅེས་ཁང་དམར་རྫོང་ཨུད་རྩ་འཛུགས་པུའི་ཁྲེན་ཅེ་ཡིས་བཤད།

དབུལ་སྒྲོལ་འགག་སྒྲོལ་ལ་ཞབས་འདེགས་ཞུ་བ།

ཏང་འཛུགས་སྐྱོང་ལས་དོན་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་གཏོང་ལས་དོན་དང་མཉམ་དུ་བཀོད་སྒྲིག་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་དང་། ལས་ཀའི་གཙོ་གནད་དེ་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་། འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། དམངས་འཚོར་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་འཇོག་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་ནུས་པ་དང་། འབོད་སྐུལ་ནུས་པ། འཐབ་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད། སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད།

ཏང་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་ཆེད། ཁང་དམར་རྫོང་གིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་17ལག་ལེན་བསྟར་ནས་ཐོན་ལས་ཀྱི་ཁེ་སྤོགས་དང་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི་1400དོན་འཁྱོལ་བྱས་པ་དང་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་800ཡན་ཟིན་པ་བྱས་པ་དང་། རིམ་རྩིས་བྱས་ན་མི་4437ལས་ཞུགས་གཞན་སྒྱུར་བྱས་ནས་ཡོང་འབབ་སྒོར་ཁྲི་5917.41བཏོད་པར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.33བྱུང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་ཡོད། ཉིང་རུ་སྟོད་དང་ཉིང་རུ་སྨད་སོགས་ཤང་དུ་ཁྱོན་མུའུ་ཁྲི་42ཟིན་པའི་མི་ཐབས་ལ་བརྟེན་པའི་གཟན་རྩྭའི་རྟེན་གཞི་བཙུགས་པར་ལོ་རེར་རྩྭ་སྐམ་པོའི་ཐོན་འབབ་ཏུན་8819ཟིན་པ་དང་། ལོ་རེར་ནོར་ལུག་6726བཤས་བཏང་བར་ཉེ་བའི་ལོ་བཞིའི་རིང་ཡོང་འབབ་སྒོར་ཁྲི་2408.55བྱུང་བ། མི་འབོར་དབུལ་པོ་5483ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པར་མི་རེར་ཆ་སྙོམས་ལོ་རེར་འབབ་འཕར་སྒོར་1854.5བྱུང་ཡོད།

གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ།

གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཁྲོད་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་གནད་སྨིན་ཤུགས་འདོན་གྱིས་སློབ་གསོའི་ཤེས་ལྡན་མི་སྣ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ནན་པོ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་སྟེ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

ཏང་འཛུགས་སྐྱོང་གིས་སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། མིག་སྔའི་བར་ཐེམ་ཁུངས་ཁང་དམར་ནས་ཡིན་པའི་ཞིང་འབྲོག་པའི་བུ་ཕྲུག་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ན་བྱ་དགའི་སྐུལ་ལྕག་དངུལ་མི་རེར་སྒོར་10000དང་ཆེད་ཚན་སློབ་གྲྭར་རྒྱུགས་འཕྲོད་ན་བྱ་དགའ་དངུལ་སྒོར་8000སྤྲད་པ་དང་། སློབ་གསོའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་775.2དོན་འཁྱོལ་བྱས་པས་ཞིང་འབྲོག་པའི་བུ་ཕྲུག་845ལ་ཕན་པ་ཐོབ་ཡོད།

ཏང་འཛུགས་སྐྱོང་གིས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། གནས་སྤོ་བྱ་ཡུལ་2ཚད་ལྡན་ཅན་གྱི་འཛུགས་སྐྲུན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ཏེ་གནས་སྤོས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལ་སྐུལ་ཁྲིད་བྱས་པ་དང་། བཀོད་སྒྲིག་བྱ་ཡུལ་ཁག་ཏུ་ཐོན་ལས་རྣམ་གྲངས་1ནས་3བར་ལེ་ལག་ཚང་བའི་ངང་ལག་བསྟར་བྱས་ཏེ། གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བས་སྤྱི་པའི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་དང་འགན་སྲུང་ཐུབ་ནས་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། འཕེལ་རྒྱས་གཏོང་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་འགན་ལེན་བྱུང་ཡོད།

མིག་སྔའི་བར། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཐེངས་42སྤེལ་བར་མི་ཐེངས་ཁྲི་3.4ཞུགས་པ་དང་། གད་སྙིགས་ཏུན་800ལྷག་ཙམ་གཙང་སེལ་བྱས་ནས་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད་93%ཟིན་ཡོད།

རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤང་དང་གྲོང་རྡལ་2དང་། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ་9 རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ་34བཅས་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དེས་72.3%བཟུང་བ་དང་། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མི་སེམས་སུ་ཟུག་པ་དང་སྡོད་མལ་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།