རབ་བྱུང་གཅིག་གི་དུས་ཡུན་རིང་། བརྗོད་གཞི་གཅིག་ལ་ཞིབ་འཇུག་བྱས།

—— བོད་ལྗོངས་མི་རིགས་སློབ་ཆེན་གྱིས་བོད་ཀྱི་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ལ་ཞིབ་འཇུག་རྩེ་གཅིག་ཏུ་བྱས་པ།

900c966a-7596-475f-a9d6-4a69cb7d3534.jpg

འདི་ནི་བོད་ལྗོངས་མི་རིགས་སློབ་ཆེན་བོད་ཀྱི་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་ཞིབ་འཇུག་ཚོགས་པས《མིང་ཆིང་རྒྱལ་རབས་དུས་ཀྱི་གནས་ཚུལ་བཀོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་རིགས་དབྱེ་གནད་བསྡུས་རྩོམ་སྒྲིག》གི་ལས་དོན་སྐོར་བཀོད་སྒྲིག་བྱས་ནས་ཞིབ་འཇུག་བྱེད་བཞིན་པ།

ef961f12-0166-4908-a9b7-d7b32cffcab5.jpg

འདི་ནི《མིང་རྒྱལ་རབས་དུས་ཀྱི་གནས་ཚུལ་བཀོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》དང་། 《ཆིང་རྒྱལ་རབས་དུས་ཀྱི་གནས་ཚུལ་བཀོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》 《མིང་རྒྱལ་རབས་དུས་ཀྱི་གནས་ཚུལ་བཀོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་རིགས་དབྱེའི་གནད་བསྡུས་རྩོམ་སྒྲིག》《ཆིང་རྒྱལ་རབས་དུས་ཀྱི་གནས་ཚུལ་བཀོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་རིཌ་དབྱེའི་གནད་བསྡུས་རྩོམ་སྒྲིག》བཅས་ཡིན་པ།

9dd77d51-28d3-4e01-9877-a4d41f2890d9.jpg

འདི་ནི་ཀུའུ་ཙུའུ་ཁྲེང(དཀྱིལ)གིས་ཁུང་ཧྥན་ཤིའུ(གཡོན)དང་ཁྲེན་ཕེང་ཧུའེ(གཡས)མཉམ་དུ་ཚན་ཞིབ་ཁྲོད་ཀྱི་གནད་དོན་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་བཞིན་པ།

8630f482-72b2-4e84-9298-46b73cf34b1c.jpg

འདི་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་གི་འགོ་འཛིན་ཁུང་ཧྥན་ཤིའུ་ཡིས་ལོ་རྒྱུས་ཀྱི་ཡིག་་ཆ་ལྟ་ཀློག་བྱེད་བཞིན་པ།

ཟླ3ཚེས31ཉིན་གྱི་ཕྱི་དྲོ། ཧྲའན་ཤིས་ཞན་དབྱང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སྤྱི་ཚོགས་ཚན་རིག་ཐོག་ཁང་མདུན་དུ་བབ་ཆགས་ཤིང་སྒམ་བརླིང་ལྡན་པའི་སྒོ་བྱང་ཕྱེ་བའི་མཛད་སྒོ་ཞིག་འཚོག་བཞིན་ཡོད། ཐལ་མོའི་རྡེབ་སྒྲའི་ཁྲོད་དྲོ་གྲང་མི་སྙོམས་པའི་མཁའ་རླུང་གིས་ཡང་པོར་འགུལ་བའི་དར་ཚོན་གྱི་ཡོལ་བ་དེ་འབྱེད་པར་གྱུར་པ་ན། “བོད་ལྗོངས་མཐོ་སློབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གཏོད་པའི་མཐུན་སྦྱོར་གསར་གཏོད་ལྟེ་གནས”ཞེས་འཁོད་པའི་སྒོ་བྱང་ཞིག་སྐྱེ་བོའི་འདྲེན་བྱེད་ཀྱི་ལམ་དུ་གསལ་ལེར་མངོན་འོང་།

སྒོ་བྱང་ཕྱེ་ནས་དར་ཚོན་བྲེག་པའི་སྐབས་སུ། དགུང་ལོ་མཐོན་པོར་སླེབས་པའི་བགྲེས་སོང་ཞིག་གིས་དབུ་ཡར་བཀྱག་ནས་གཟིགས་བཞིན་བསམ་གཞིག་གི་ཀློང་དུ་ཚུད་བཞིན་ཡོད། བགྲེས་སོང་ཁོང་ནི་བོད་ཀྱི་ས་གནས་དང་ཀྲུང་དབྱང་སྲིད་གཞུང་དབར་གྱི་འབྲེལ་བའི་ལོ་རྒྱུས་དང་། མིང་ཆིང་རྒྱལ་རབས་དུས་ཀྱི་བོད་སྐྱོང་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་གྱི་རིགས་གཅིག་མཁས་ཅན་བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀུའུ་ཙུའུ་ཁྲེང་རེད།

“བོད་ལྗོངས་མཐོ་སློབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གཏོད་པའི་མཐུན་སྦྱོར་གསར་གཏོད་ལྟེ་གནས”བཙུགས་པ་དེ་དགེ་རྒན་ཆེ་མོ་བ་ཀུའུ་ཙུའུ་ཁྲེང་དང་། བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ཚུན་གྱི་མི་རབས་གསུམ་གྱི་འབད་འཐབ། དེ་བཞིན་རབ་བྱུང་གཅིག་ཙམ་རིང་ལོ་རྒྱུས་བདེན་དཔང་གི་བརྗོད་གཞི་བཅས་དང་ཁ་འབྲལ་ཐབས་མེད།

བོད་ཀྱི་ས་གནས་ལོ་རྒྱུས་ཞིབ་འཇུག་ལ་གྲུབ་འབྲས་ཆེན་པོ་ཐོབ་པ།

1959ལོའི་ཟླ་གསུམ་པར། བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་བསླངས་པའི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་བ་དང་། བཅོས་སྒྱུར་བྱེད་འགོ་ཚུགས་པར་རྒྱལ་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱས་ཤིང་། སྐབས་དེ་དུས་ལོ་རྒྱུས་རིག་པའི་ཁྱབ་ཁོངས་སུ་བོད་ཀྱི་ལོ་རྒྱུས་ཤེས་མཁན་ཉུང་ཉུང་ཡིན་པ་རེད།

དང་བླངས་ངང་བོད་ལ་ཕྱག་ལས་གནང་བར་སྐྱོད་མཁན་ཀུའུ་ཙུའུ་ཁྲེང་ཧྲའན་ཤིས་ཞན་དབྱང་དུ་བཙུགས་ནས་ཡུན་རིང་མ་སོང་བའི་བོད་ལྗོངས་སྤྱི་སློབ་ཏུ་ལས་བགོས་བརྒྱབ་སྟེ་དགེ་རྒན་གནང་ཞིང་། ལོ་གཉིས་པར་རྩ་འཛུགས་ཀྱིས་ཁོང་ཚོ་བོད་ལ་དངོས་སྦྱོང་བྱེད་པར་མངགས་པ་དང་། བོད་ལྗོངས་སྤྱི་སློབ་ཏུ་སློབ་ཁྲིད་བྱེད་པར་དང་ཐོག་བོད་ལ་ཤེས་རྟོགས་བྱེད་དགོས་ཀྱི་ཡོད། སྐབས་དེ་དུས་དངོས་སྦྱོང་གིས་ཁོང་གི་གཟིགས་རྒྱང་རིང་དུ་ཕྱིན་ཞིང་ལོ་རྒྱུས་ཀྱི་ཡིག་ཆ་འབོར་ཆེན་དང་ཡིག་ཚགས་གལ་ཆེན་ལ་ལྟ་བའི་གོ་སྐབས་བྱུང་།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། བོད་ལྗོངས་མི་རིགས་སློབ་གླིང་གིས་ལོ་རྒྱུས་ཚན་ཁག་ཚུད་པའི་ཚན་ཁག་མང་པོ་ཞིག་བཙུགས་པ་དང་། དེ་དུས་ཚང་མས་ཀྲུང་གོའི་གནའ་རབས་ལོ་རྒྱུས་དང་། ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཀྱི་སློབ་ཁྲིད་ཞིབ་འཇུག་ལ་དོ་སྣང་བྱེད་པའི་སྐབས། ཀུའུ་ཙུའུ་ཁྲེང་གིས་བོད་ཀྱི་ས་གནས་ལོ་རྒྱུས་ཀྱི་སློབ་ཁྲིད་ཞིབ་འཇུག་ལ་གཞོལ་རྒྱུའི་ཐག་བཅད་ཅིང་། ཁོང་གིས“ངས་བོད་ཀྱི་ལོ་རྒྱུས་ལ་ཡང་བསྐྱར་སློབ་སྦྱོང་བྱེད་ཀྱི་ཡིན། གང་ལགས་ཤེ་ན། དེའི་ཐད་ཀྱི་མི་སྣ་དགོས་མཁོ་ཧ་ཅང་ཆེ་བས་ཡིན”ཞེས་བཤད་པ་དང་། རང་ཉིད་ཀྱི་ཕུགས་འདུན་དེ་རྒྱལ་ཁབ་ཀྱི་དགོས་མཁོ་དང་དམ་པོར་སྦྲེལ་ཚེ་གཞི་ནས་ནུས་པ་ཆེན་པོ་འདོན་ཐུབ། ཁོང་གིས་སྐབས་དེ་དུས་རང་ཉིད་ཀྱིས་ཐག་དེ་ལྟར་བཅད་པར་ད་ལྟའང་སྤོབས་པ་སྐྱེ་བཞིན་ཡོད།

ལོ་རྒྱུས་ཚན་ཁག་ནི་བོད་ཀྱི་མཐོ་སློབ་ནང་འཛུགས་ཐེངས་དང་པོ་ཡིན་པ་དང་། དེ་དུས་རྨང་གཞིའི་ལས་དོན་མང་པོ་ཞིག་སྟོང་ཆར་ལུས་ཡོད་ཅིང་། ཀུའུ་ཙུའུ་ཁྲེང་གིས་བོད་ཀྱི་ས་གནས་ལོ་རྒྱུས་ཀྱི་སློབ་ཁྲིད་ཞིབ་འཇུག་ཐད་རྨང་གཞི་ནས་འགོ་བརྩམས་དགོས་པའི་ངོས་འཛིན་གནང་གི་ཡོད། བོད་ལྗོངས་མི་རིགས་སློབ་གླིང་ཏང་ཨུད་ཀྱི་རྒྱབ་སྐྱོར་འོག་ལས་འབོར་ཆེ་བའི་རྨང་གཞིའི་ལས་དོན་ཏེ་མིང་ཆིང་རྒྱལ་རབས་དུས་ཀྱི་གནས་ཚུལ་བཀོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་དང་ལེགས་སྒྲིག་བྱེད་འགོ་བཙུགས།

《མིང་ཆིང་རྒྱལ་རབས་དུས་ཀྱི་གནས་ཚུལ་བཀོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》བཏོན་ནས་ལོ་རྒྱུས་ལས་རིཌ་ཀྱི་སྟོང་ཆ་བསབས་པ།

1979ལོའི་ལོ་སྨད་ནས་1982ལོའི་ལོ་འགོའི་བར། ཀུའུ་ཙུའུ་ཁྲེང་སོགས་པའི་བོད་ལྗོངས་མི་རིགས་སློབ་གླིང་གི་དགེ་རྒན་འགས་ཉིན་ལྟར་ཞོགས་པ་སྔ་པོར་ཞན་དབྱང་ནས་ཤིས་ཨན་བར་གྱི་གྲོང་འདབས་ཀྱི་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ། ཅོང་ཁང་ཉེ་འཁོར་གྱི་ཧྲའན་ཤིས་ཞིང་ཆེན་དཔེ་མཛོད་ཁང་ལ་ཕེབས་ཏེ། ཞོགས་པ་དཔེ་མཛོད་ཁང་སྒོ་ཕྱེ་མ་ཐག་ནས་འགོ་བཙུགས་ཏེ་མིང་ཆིང་རྒྱལ་རབས་དུས་ཀྱི་གནས་ཚུལ་བཀོད་པའི་བོད་ཀྱི་འབྲེལ་ཡོད་ལོ་རྒྱུས་དཔྱད་གཞི་ཕྱོགས་བསྡུས་དང་ལེགས་སྒྲིག་ལས་དོན་འགོ་འཛུགས་ཀྱི་ཡོད།

སྒྱུར་བཅོས་སྒོ་དབྱེ་བྱེད་པའི་ཐོག་མའི་དུས་སུ། ཀུའུ་ཙུའུ་ཁྲེང་གིས་ཚགས་པར་ཐོག་གི་གནས་ཚུལ་ཞིག་ལ་གཟིགས་པ་སྟེ། ནང་སས་མིང་ཆིང་རྒྱལ་རབས་དུས་ཀྱི་གནས་ཚུལ་བཀོད་པའི་པར་ལེན་པར་གཞི་ཚོན་ལྡན་ཆ་ཚང་7ཉོས་པའི་ཁྲོད་ཧྲའན་ཤིས་ཞིང་ཆེན་དཔེ་མཛོད་ཁང་ལ་ཆ་ཚང་གཅིག་ཡོད་ཚུལ་འཁོད་པ་དེ་ཡིན། གནས་ཚུལ་དེས་ཀུའུ་ཙུའུ་ཁྲེང་གིས《མིང་ཆིང་རྒྱལ་རབས་དུས་ཀྱི་གནས་ཚུལ་བཀོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》བསྡུ་རུབ་དང་ཕྱོགས་སྒྲིག་བྱ་རྒྱུའི་འདུན་པར་སྐུལ་མ་ཆེན་པོ་ཐེབས་ཡོད།

“མིང་རྒྱལ་རབས་དུས་ཀྱི་གནས་ཚུལ་ཐོ་བཀོད་ལ་ཡིག་འབྲུ་ཁྲི་1600ལྷག་དང་ཆིང་རྒྱལ་རབས་དུས་ཀྱི་གནས་ཚུལ་ཐོ་འགོད་ལ་ཡིག་འབྲུ་ཁྲི་3658ཟིན་ནས་བམ་པོ་སྟོང་ཕྲག་ཁ་ཤས་ལོན་གྱི་ཡོད”ཅེས་ཀུའུ་ཙུའུ་ཁྲེང་གིས་ཕྱིར་དྲན་གནང་བཞིན་དུ་གསུངས། ཕྱོགས་ཚང་མས་མཐུན་སྦྱོར་བྱས་པ་བརྒྱུད་ཧྲའན་ཤིས་ཞིང་ཆེན་དཔེ་མཛོད་ཁང་གིས་ཕྱི་ཕྱོགས་ལ་མི་གཡར་ཡང་དཔྱད་གཞིར་ལྟ་ཆོག་པའི་ཆོག་མཆན་སྤྲད་པ་དང་། ད་དུང་ང་ཚོར་ཁང་མིག་གཅིག་གཡར་ནས་ཁང་པའི་ལྡེ་མིག་དཔེ་མཛོད་ཁང་གིས་ཉར་གྱི་ཡོད་ཅེས་གསུངས།

1982ལོའི་ལོ་འགོར་ཡིག་འབྲུ་ཁྲི་200ལྷག་ཙམ་ཟིན་པའི་ལོ་རྒྱུས་ཡིག་ཆ་བསྡུ་རུབ་ལེགས་གྲུབ་ཟིན་ཞིང་། དེའི་རིང་སློབ་གྲྭའི་པར་འདེབས་བཟོ་གྲྭས་ཞ་ཉེའི་ཡིག་སྒྲིག་བྱས་པ་དང་ཀུའུ་ཙུའུ་ཁྲེང་གིས་ཞུ་དག་བཏང་བའི《ཆིང་རྒྱལ་རབས་དུས་ཀྱི་གནས་ཚུལ་ཐོ་འགོད། བོད་ཀྱི་ལོ་རྒྱུས་ཡིག་ཆ་བདམས་སྒྲིག》ཅེས་པ་དེ་ཡང་ལོ་དེར་པར་བཏབ་ནས་བཟོས་ཏེ་ནང་ཁུལ་དུ་བཏོན་ཡོད། དེ་རྗེས་སློབ་གྲྭ་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་མཉམ་ལས་དང་ཀུའུ་ཙུའུ་ཁྲེང་སོགས་ཀྱིས་ལེགས་སྒྲིག་དང་ཞུ་དག་རྩོམ་སྒྲིག་བཅས་བྱས་ནས་དཀའ་བ་ཆེན་པོས《མིང་རྒྱལ་རབས་དུས་ཀྱི་གནས་ཚུལ་བཀོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ཞེས་པ་པོད་གཅིག་ཡོད་པའི་དེབ་གསུམ་དང་།《ཆིང་རྒྱལ་རབས་དུས་ཀྱི་གནས་ཚུལ་བཀོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ཞེས་པ་པོད་གཅིག་ཡོད་པའི་དེབ་བཅུ་དཔེ་སྐྲུན་བྱས་ནས་བཏོན་པ་རེད།

དུས་རབས་གསར་པའི་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་གི་ཁ་ཕྱོགས་གསར་པ་ཡོད་པར་བྱས་པ།

ད་ཆ་ཀུའུ་ཙུའུ་ཁྲེང་དགུང་ལོ་85ལ་སླེབས་ཀྱང་སྔར་བཞིན་ཞིབ་འཇུག་གི་ཕྱག་ལས་གནང་བཞིན་ཡོད་པ་དང་། ཁོང་གི་དགེ་ཕྲུག་མང་པོའི་ཁྲོད་སློབ་མ་གཉིས་ཀྱིས་སྔ་རྗེས་སུ་བརྗོད་གཞི་དེའི་རྒྱུན་བསྐྱངས་ཤིང་། གཅིག་ནི་བོད་ལྗོངས་མི་རིགས་སློབ་ཆེན་དཔེ་མཛོད་ཁང་གི་འགོ་འཛིན་ཁུང་ཧྥན་ཤིའུ་དང་། གཅིག་ཤོས་ནི་མི་རིཌ་ཞིབ་འཇུག་ཁང་གི་འབུམ་རམས་པ་ཁྲེན་ཕེང་ཧུའེ་ཡིན་པ་རེད།

2011ལོར་ཀུའུ་ཙུའུ་ཁྲེང་གིས་བློ་སྒོ་ཕྱེ་གནང་བ་དང་ཁུང་ཧྥན་ཤིའུ་ཡིས་སྣེ་ཁྲིད་པའི་བོད་རང་སྐྱོང་ལྗོངས་མཐོ་སློབ་མི་ཆོས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྣམ་གྲངས《མིང་ཆིང་རྒྱལ་རབས་དུས་ཀྱི་གནས་ཚུལ་བཀོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་རིགས་དབྱེའི་གནད་བསྡུས་རྩོམ་སྒྲིག》ལེགས་སྒྲིག་བྱ་རྒྱུའི་གཏན་འཁེལ་བྱས་ཤིང་། དེ་ནི་དེ་སྔའི་ལོ་ཚིགས་ལྟར་བསྒྲིགས་པའི་ལོ་རྒྱུས་ཀྱི་རྨང་གཞིའི་ཐོག་སྔར་བས་ལེགས་སྒྲིག་དང་རིགས་དབྱེ་བྱས་པ་ཞིག་ཡིན་ཞིང་། ཁུང་ཧྥན་ཤིའུ་ཡིས་ཀུའུ་ཙུའུ་ཁྲེང་མཚན་འཛིན་རྩོམ་སྒྲིག་པ་གཙོ་བོ་དང་། ཀྲའོ་ཡན་ཕིང་དང་། ཁྲེན་ཕེང་ཧུའེ། ཀུའུ་ཀྲི་ཆིན། མཱ་ཤིན་ཅེ་སོགས་ཀྱིས་ཁོངས་མི་གཙོ་བོ་བྱས་པའི་ལོ་ན་རྒན་དར་གཞོན་གསུམ་ལས་གྲུབ་པའི་ཞིབ་འཇུག་ཚོགས་པ་ཞིག་འཛུགས་རྒྱུའི་གྲོས་འགོ་བཏོན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་གཙོ་གནད་དཔེ་དེབ་དཔེ་སྐྲུན་འཆར་འགོད་ཀྱི་རྣམ་གྲངས་དང་། རྒྱལ་ཁབ་ཀྱི་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་སུ་བརྩི་བའི་ཡིག་འབྲུ་ཁྲི་360ལྷག་ཙམ་ཟིན་པ་དང་ལེའུ་11ཡོད་པའི《མིང་ཆིང་རྒྱལ་རབས་དུས་ཀྱི་གནས་ཚུལ་བཀོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་རིགས་དབྱེའི་གནད་བསྡུས་རྩོམ་སྒྲིག་དཔེ་ཚོགས》ཞེས་པ་དེ་2020ལོར་ཀྲུང་ཧྲན་སློབ་ཆེན་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་རེད།

སྒོ་བྱང་ཕྱེ་བའི་མཛད་སྒོའི་ཐོག་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་སྤྱི་ལིའུ་ཁའེ་ཡིས“ལོ་རྒྱུས་རིག་པ་དང་། མི་རིགས་རིག་པ། ཡིག་ཚང་རིག་པ་སོགས་འབྲེལ་ཡོད་ཀྱི་རིག་ཚན་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་སྐད་ཆའི་མ་ལག་ཅིག་ཆགས་རྒྱུར་སྐུལ་འདེད་བཏང་སྟེ། བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་གཏིང་ཟབ་ངང་སྤེལ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་ཆེད་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་རིག་ནུས་ཀྱི་འདེགས་སྐྱོར་ཐུབ་པ་བྱས་ཡོད”ཅེས་སྐད་གསང་མཐོན་པོའི་ངང་གསུངས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།