བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་བོད་ལྗོངས་ཀྱི་མཐོ་རྒྱུགས་ལས་དོན་ལ་སྐོར་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས7ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་རུ་སྣེ་འཁྲིད་དེ་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་དུ་ཕེབས་ནས། རང་སྐྱོང་ལྗོངས་རྒྱལ་ཁབ་སློབ་གསོ་ཡིག་རྒྱུགས་ལས་དོན་བཀོད་འདོམས་ལྟེ་གནས་བརྒྱུད་ལྗོངས་ཡོངས་ཀྱི་མཐོ་རྒྱུགས་གནས་ཚུལ་ལ་དྲ་ཐོག་ནས་སྐོར་ཞིབ་གནང་བ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སློབ་གསོ་ཐིང་ཏང་ཙུའི་ཧྲུའུ་ཅི་ཏུའུ་ཅན་ཀུང་དྲ་ཐོག་གི་སྐོར་ཞིབ་ལ་མཉམ་དུ་ཕེབས་པ་རེད།

སྐོར་གཟིགས་ཚོགས་ཆུང་གིས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་དང་ལྷ་ས་སློབ་འབྲིང་དུ་ཕེབས་ཏེ། རྒྱུགས་གནས་ཀྱི་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་། སྐབས་ཐོག་ཏུ་ཡིག་རྒྱུགས་སྒྲིག་འཛུགས་ལག་བསྟར་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། རྒྱུཌ་གནས་ཀྱི་བདེ་སྲུང་བཅས་དང་དེ་བཞིན་འབྲེལ་ཡོད་ཚན་པའི་མཐུན་སྦྱོར་དང་གཞོཌ་འདེགས་ཀྱི་གནས་ཚུལ་ལ་གཟིཌ་ཞིབ་གནང་བ་རེད།

སྐོར་གཟིགས་ཚོགས་ཆུང་གིས་རྒྱུགས་སྤྲོད་སློབ་མ་གཅིག་ཁྱིམ་ཚང་ཞིག་དང་འབྲེལ་བ་ཡོད་ལ་མཐོ་རྒྱུགས་གཏོང་ཐེངས་ཤིག་ལ་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་བྱེད་ཀྱི་ཡོད་པས། མཐོ་རྒྱུགས་ལས་དོན་ནི་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་ཚང་མ་དང་འབྲེལ་བ་ཡོད་པ་ཞིག་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་བཅོས་སྐྱོང་ནུས་པར་ཚོད་བགམ་ཆེན་པོ་བྱས་པ་ཞིག་ཡིན་ལ། སློབ་གསོའི་ལས་དོན་གྱི་ཕན་འབྲས་ལ་དངོས་ཡོད་ཀྱི་དཔྱད་ཞིབ་བྱས་པ་ཞིག་དེ་བས་ཡིན། ས་གནས་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་ཁ་གསལ་དུ་གཏོང་བ་དང་། རྒྱུགས་རར་ལྟ་ཞིབ་དང་སྐོར་གཟིགས་ནན་པོ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། ཡིག་རྒྱུགས་བདེ་འཇགས་དང་། བརྟན་ལྷིང་། བདེ་བླག་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཡིག་རྒྱུགས་མ་བཏང་གོང་དང་། གཏོང་རིང་། བཏང་རྗེས་བཅས་ཀྱི་གཙོ་གནད་ལྷུ་ཚིགས་ཁག་གི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་བ། ཡིག་རྒྱུགས་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ཏེ། “མཐོ་རྒྱུགས་བདེ་འཇགས”དང“མཐོ་རྒྱུགས་ཡོངས་བསྒྲགས”“མཐོ་རྒྱུགས་ཕྱི་གསལ་ནང་གསལ”བཅས་ཡོང་བའི་འགན་ལེན་བྱེད་དགོས། བདེ་འཇགས་འགྲོ་སྐྱོད་དང་། འཛེར་སྒྲ་བཅོས་སྐྱོང་། གནམ་གཤིས་སྔོན་བརྡ། ཆ་འཕྲིན་ཞབས་ཞུ་སོགས་ཕྱོགས་བསྡུས་འགན་ལེན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་ཁྲིད་སྟོན་དང་སེམས་གསོ་ཧུར་ཐག་གཏོང་བ། རྣམ་པ་ཟབ་མོ་ཧུར་ཐག་གཏོད་པ་བཅས་བྱས་ནས། རྒྱུགས་སྤྲོད་སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་བཅས་ཚང་མ་བློ་བདེ་བག་ཕེབས་ཡོང་བ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།