བོད་མི་དམངས་ཀྱི་གྱོན་ཆས་སྔར་ལས་དར་སོ་ཆེ་བ།

139989235_16227992562381n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲངས་གཞི་ལས་མངོན་པར“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་གྲོང་མིའི་ཨེན་ཀེའར་རྟག་གྲངས་རྒྱུན་མཐུད་ནས་དམའ་རུ་ཕྱིན་པ་དང་། གྱོན་ཆས་འཛད་སྤྱོད་བྱེད་ཚད་སྒོར་584མང་དུ་ཕྱིན་པ། འགྲིམ་འགྲུལ་དང་འཕྲིན་གཏོང་གི་གཏོང་སྒོ་ལྡབ་གཅིག་ཙམ་འཕར་བ། སྨན་བཅོས་བདེ་སྲུང་གི་གཏོང་སྒོ་160.9%འཕར་བ། མི་རེའི་ཆ་སྙོམས་རིག་གནས་རོལ་རྩེད་ཞབས་ཞུའི་གཏོང་སྒོ་165.6%འཕར་ཡོད། 2020ལོར་ལྗོངས་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21744ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་11.5%འཕར་ཡོད། མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར་13225ཟིན་པའི་ནང་མི་རེའི་ཆ་སྙོམས་གྱོན་གོས་ཀྱི་འཛད་སྤྱོད་གཏོང་སྒོ་སྒོར་1137ཟིན་པ་དེས་གཏོང་སྒོའི་བསྡོམས་འབོར་གྱི་8.6%བཟུང་ཡོད།

“གྱོན་གོས་གཅིག་གིས་ནམ་དུས་མང་པོ་སྐྱེལ་བ”ནས“ནམ་དུས་གཅིག་ལ་གྱོན་གོས་མང་པོའི”བར་འགྱུར་ལྡོག་བྱུང་སྟེ། བོད་མི་དམངས་ཀྱི་གྱོན་གོས་སྔར་བས་སྣ་ཁ་འཛོམས་སུ་དང་གྱོན་ཆས་ལ་སྔར་ལས་དོར་སོ་ཆེ་རུ་སོང་ཞིང་། བོད་མི་རིགས་ཀྱི་རྒྱན་གོས་རིག་གནས་ཞིབ་འཇུག་ཁང་གི་ཡོན་ཀྲང་ལི་མེ་ཡིས་བོད་མི་དམངས་ཀྱི་ཡོང་འབབ་མང་དུ་སོང་བ་དང་སྦྲགས་རྒྱན་གོས་ཐད་འཛད་སྤྱོད་བྱེད་ཚད་ཀྱང་མཐོ་རུ་ཕྱིན་པ་དང་། འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། གྱོན་ཆས་ལ་དར་སོ་བྱེད་ཚད་ཇེ་ཆེར་དང་སྤུས་ཚད་ལ་དང་དོད་བྱེད་ཚད་ཇེ་ཆེར་ཕྱིན་ཡོད་ཅེས་བཤད།

139989235_16227992563311n.jpg

བོད་རྙིང་པར་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཚོད་འཛིན་ཕོག་པར་བརྟེན། མི་འབོར་གྱི་95%བཟུང་བའི་ཞིང་བྲན་མང་ཆེ་བའི་ལུས་ལ་གྱོན་པའི་གྱོན་གོས་སྤྱིར་ན་བཟོ་ལྟ་གཅིག་ཡིན་ལ་སྤུས་ཀའང་དག་པོ་མེད་མོད། འོན་ཀྱང་མི་འབོར་གྱི་5%ལས་མ་བཟུང་བའི་ཞིང་བྲན་བདག་པོའི་ལུས་ལ་གྱོན་པ་ནི་དར་གོས་དང་བཏགས་པ་ནི་རྒྱན་ཆ་སྣ་ཚོགས་རེད།

ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་གི་གྲོང་མི་རྒན་རྒོན་བྱང་ཆུབ་ཀྱིས“བོད་རྙིང་པར་ང་ཚོ་ནང་མི་དྲུག་ལ་སྣམ་བུ་ཐབས་ཆག་གིས་བཟོས་པའི་ཕྱུ་པ་གཉིས་རང་ལས་མེད། དེ་ཉིན་མོ་གྱོན་གོས་དང་མཚན་མོ་ཉལ་ཆས་བྱེད་དགོས། སྐབས་དེ་དུས་ལྟོས་གྲོད་པ་མི་རྒྱགས་པས་གྱོན་ཆས་ལ་དང་དོད་བྱེད་ལོང་ག་ལ་ཡོད”ཅེས་དྲན་གསོ་བྱེད་བཞིན་དུ་བཤད།

གྱོན་གོས་ལས་དར་སོ་མཚོན་ལ་རིག་གནས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན་པ་དང་། ཀུན་གྱི་བག་ཆགས་ཀྱང་དེ་འདྲ་ཞིག་ཡིན། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གྱོན་ཆས་ལ་འགྱུར་ལྡོག་ཕྱིན་པ་ལས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70རིང་གི་འགྱུར་ལྡོག་མངོན་གྱི་ཡོད་ལ། བོད་མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བའང་མཚོན་གྱི་ཡོད།

139989235_16227992563951n.jpg

ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་ཕྱོགས་བསྡུས་ཚོང་ར་ཞིག་ཏུ་ལུས་སྦྱོང་གྱོན་གོས་དང་། བུད་མེད་ཀྱི་སྤུས་ལེགས་གྱོན་གོས། བྱིས་པའི་གྱོན་གོས་སོགས་ཚོང་ཟོག་སྣ་ཚོགས་འདུག་ལ་རྒྱུན་དུ་མཐོང་བའི་རྒྱལ་ཁབ་ཕྱི་ནང་གི་སྤུས་རྟགས་སྣ་ཚོགས་ཀྱང་དེ་གར་འདུག

དེང་སྐབས་ཀྱི་དར་སོ་ཆེ་བའི་གྱོན་གོས་བོད་ཀྱི་མི་སེར་ཚོའི་ཁྱིམ་དུ་ཁྱབ་ལ། སྲོལ་རྒྱུན་གྱི་བོད་ཆས་ཀྱང་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་གསར་གཏོད་དང་འཕེལ་རྒྱས་འགྲོ་བཞིན་ཡོད།

བོད་ཆས་ཀྱི་བཟོ་ལྟ་སྣ་ཚོགས་ཐོན་པ་དེ་བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་ལས་བྱུང་བ་ཞིག་ཡིན་པ་མ་ཟད། མི་དམངས་སྤྱི་ཡོངས་ཀྱི་བྱང་ཚད་ལྟ་བ་དང་མཛེས་དཔྱད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བའི་དགོས་མཁོ་ཡང་མཚོན་གྱི་ཡོད།

139989235_16227992564961n.jpg

“དེང་དུས་ཀྱི་བོད་ཆས་དག་སྲོལ་རྒྱུན་གྱི་བཟོ་ལྟ་གསོར་འཇོག་བྱས་པའི་རྨང་གཞིའི་ཐོག ང་ཚོས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་དར་སྲབ་དང་ཟར་མ་སོགས་རྒྱུ་ཆ་གསར་པ་སྣ་ཚོགས་སྤྱད་ཀྱི་ཡོད། སྤུས་རྟགས་དེ་བྱུང་བ་ནས་ད་བར་དུ་བོད་ཆས་སྣ་ཁ་མི་འདྲ་བ་1800ལྷག་ཙམ་བཟོས་ཡོད། ལག་རྩལ་གསར་གཏོད་བྱུང་བ་བརྒྱུད་རྒྱུ་ཆ་དང་བཟོ་རྩལ་དེ་བས་ལེགས་སུ་ཕྱིན་འདུག ད་ཆ་མི་རྣམས་ཀྱི་ཡོང་འབབ་མང་དུ་དང་ལྟ་བར་འགྱུར་ལྡོག་སོང་ནས་གྱོན་གོས་ཐད་ཀྱི་རེ་བའང་མཐོ་རུ་ཕྱིན་འདུག”ཅེས་ཨ་ཅག་ལྷ་མོ་ཚོང་ཁང་གི་གཉེར་སྐྱོང་སྤྱི་ཁྱབ་ལྟ་ཞིབ་པ་རིག་སྒྲོན་གྱིས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།