མངའ་རིས་ཀྱིས་སྨན་བཅོས་ཤེས་ལྡན་མི་སྣར་ལས་སྒྲུབ་ལས་གཏོད་ཀྱི་ལས་སྟེགས་བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུའི་ལས་དོན་གྱི་བླང་བྱ་ལག་བསྟར་མཐའ་འཁྱོངས་བྱས་ཏེ། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་རྒྱུན་འཁྱོངས་ལྷོད་མེད་ངང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ནས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་དང་དོ་དམ་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་འགྲོ་བར་རོགས་རམ་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱས།

སྨན་བཅོས་ཤེས་ལྡན་མི་སྣའི་ལས་སྒྲུབ་ལས་གཏོད་ལ་སྐུལ་མ་ནུས་ལྡན་གཏོང་ཆེད། མངའ་རིས་ས་ཁུལ་གྱིས་སྲིད་ཇུས་ཀྱི་ཐོབ་ཐང་སྤྱི་འདོམས་བྱས་ནས《བོད་སྐྱོར་ལས་བྱེད་པའི་གུང་གསེང་གི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་མོ་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》དང《བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་དོ་དམ་ཞབས་ཞུའི་བྱ་ཐབས(ཚོད་ལྟའི་ལག་བསྟར)》སོགས་ཡིག་ཆ་བཟོས་ནས་བཏོན་ཞིང་། ལས་ཀའི་གོ་མིང་སྤོར་བ་དང་སྔོན་ཐོན་དང་ཕུལ་བྱུང་འདེམས་པའི་ཐད་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣར་སྔོན་ལ་བསམ་བློ་གཏོང་བ་དང་། མ་དངུལ་སྒོར་ཁྲི2000བཏང་ནས་ཤེས་ལྡན་མི་སྣ་གསར་སྤེལ་བྱེད་པ། གནས་ཁེལ་གྱི་སློབ་མ་བསྡུ་བ་དང་། ཆེད་ལས་སློབ་བསྡུ་སློབ་མ་ནང་འདྲེན། སྤྱི་ཚོགས་ཀྱི་ཤེས་ལྡན་མི་སྣ་གདན་འདྲེན་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་སྨན་བཅོས་ཤེས་ལྡན་མི་སྣ155གསར་སྣོན་བྱས་པ་དང་། ཤེས་ལྡན་མི་སྣའི་སྤྱི་གྲངས453ལ་སླེབས་པ་རེད།

སྨན་བཅོས་ཤེས་ལྡན་མི་སྣའི་ལས་སྒྲུབ་ཁོར་ཡུག་སྔར་བས་ཇེ་ལེགས་སུ་གཏོང་ཆེད། མངའ་རིས་ས་ཁུལ་གྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར1.45བཏང་ནས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་ལག་རྩལ་ཐོག་ཁང་དང་། ཚན་ཞིབ་སློབ་ཁྲིད་ཐོག་ཁང་། ཞག་སྡོད་ཐོག་ཁང་རྙིང་བ་རྒྱས་སྐྲུན་མཐོར་འདེགས་སུ་བཏང་བ་ལེགས་འགྲུབ་བྱུང་བ་དང་། ཕྱི་ནད་ཚན་ཁག་གསར་བའི་ཕྱོགས་བསྡུས་ཐོག་ཁང་འཛུགས་སྐྲུན་གྱི་རྣམ་གྲངས་སྤེལ་མགོ་ཚུགས་ནས་ཆ་འཕྲིན་ཅན་གྱི་ལས་སྟེགས་བསྐྲུན་པ་དང་། རྒྱང་ཁྲིད་ནད་བརྟག་སྨན་བཅོས་ལས་སྟེགས་བསྐྲུན་པ། ཕྱི་ནད་ཚན་ཁག་དཀྱུས་མ། ཕྲུ་གུ་དམར་འབྱར་ཚན་ཁག ICUསོགས་གཙོ་གནད་ཚན་ཁག7འཛུགས་པ། སློབ་ཁྲིད་ཚན་ཞིབ་ཚན་ཁག་དང་། ནད་བརྟག་སྨན་བཅོས་ཁང་། ཁྲག་རྒྱག་སྨན་བཅོས་ཚན་ཁག་སོགས་ཁྱད་ལྡན་ཆེད་དོན་ཚན་ཁག་ཇེ་མང་དུ་གཏོང་བ། ཞབས་ཞུའི་དོ་དམ་ལམ་ལུགས460ལྷག་དང་བདག་སྐྱོང་ལམ་ལུགས་ལེགས་སྒྱུར་སོགས་ལས་སྒོའི་བརྒྱུད་རིམ30ལྷག་འཐུས་ཚང་དུ་གཏོང་བ། སྔོན་ཐོན་གྱི་ཉམས་མྱོང་དང་ལག་རྩལ་གྲུབ་འབྲས525སྤོ་འཛུགས་ལེགས་པོ་བྱས་ནས་ནད་རིགས411“འབྲིང་རིམ་གྱི་ནད་གཞི་གྲོང་ཁྱེར་དང་ས་ཁུལ་ནས་གསོ་བཅོས་ཐུབ་པའི”དམིགས་ཚད་མངོན་འགྱུར་བྱུང་བ་བཅས་བྱས་ཏེ་སྨན་ཁང་གི་སྤྱི་ཡོངས་ཀྱི་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།