ལོ་ངོ70ཡི་རིང“དཔའ་བོའི་གྲོང་ཁྱེར”གྱི་རྣམ་པ་གསར་པར་འགྱུར་བ།

—— བོད་ལྗོངས་རྒྱལ་རྩེའི་རྫོང་རིའི་འདབས་ཀྱི་དྲན་འཆར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་རབས18པ་ནས་འགོ་བཙུགས་ཏེ་དབྱིན་ཇིས་བོད་ལྗོངས་འདི་ཉིད་རང་ཉིད་ཀྱི་མི་སེར་སྤེལ་བའི་མངའ་ཁོངས་སུ་འཇུག་རྒྱུའི་རེ་ངན་བཅངས་ཤིང་།1888ལོར་བོད་ལ་དྲག་པོའི་དཔུང་འཇུག་ཐེངས་དང་པོ་བྱས། དམག་འཁྲུག་ལ་བརྟེན་ནས་སྔོན་དཔག་གི་ལྐོག་གཡོ་འགྲུབ་མི་ཐུབ་པ་ཤེས་རྗེས། དབྱིན་དམག་གིས་1903ལོར་བོད་ལ་བཙན་འཛུལ་བྱེད་པའི་དམག་འཁྲུག་ཐེངས་གཉིས་པ་བསླངས་པ་མ་ཟད། 1904ལོར་བོད་ལྗོངས་རྒྱལ་རྩེར་བཙན་འཛུལ་བྱས། རྒྱལ་རྩེའི་མི་དམངས་ཚོས་དཔའ་ངར་ཞུམ་མེད་ངང་དགྲ་བོ་དང་འཐབ་ནས་ཀྲུང་གོ་མི་དམངས་ཀྱིས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ལེའུ་ཞིག་བརྩམས་པར་བརྟེན་དེ་ནས་བཟུང་རྒྱལ་རྩེར“དཔའ་བོའི་གྲོང་ཁྱེར”ཞེས་པའི་མཚན་སྙན་ཐོབ་ཡོད།

139975608_16221949906311n.jpg

བོད་ཟླ་བཞི་པར་གངས་རིའི་འདབས་ཀྱི་མྱང་ཆུ་གཙང་པོའི་ངོགས་སུ་སྔོ་ལྗང་གིས་བརྒྱན་པ་དང་ཡངས་ཤིང་རྒྱ་ཆེ་བའི་ཞིང་ནང་དུ་ནས་ཀྱི་མྱུ་གུ་འབུས་ཤིང་། “རྒྱལ་རྩེའི་རྫོང་རིའི་དཔའ་བོའི་དྲན་གསོའི་རྡོ་རིང”དེ་བས་བརྗིད་ཉམས་ལྡན།

རྒྱལ་རྩེའི་དབྱིན་འགོག་དྲན་གསོ་ཁང་དུ་སྐྱོད་སྐབས་པར་རྙིང་པ་རེ་རེ་དང་དབྱིན་འགོག་དངོས་རྫས་རེ་རེར་ལྟ་བཞིན། དཔའ་བོའི་གཏམ་རྒྱུད་རེ་རེ་ཉན་སྐབས། གསར་འགོད་པའི་བློ་ངོར་ལོ་བརྒྱ་ལྷག་ཙམ་གོང་གི་དཔའ་བོའི་བྱས་རྗེས་རླབས་པོ་ཆེ་རེ་རེ་འཆར།

139975608_16221949906991n.jpg

དབྱིན་དམག་གི་མེ་སྒྱོགས་དང་མེ་མདའ་སྦག་སྦག་གི་མདུན་དུ་དཔའ་ངར་ཞུམ་མེད་ཀྱི་རྒྱལ་རྩེའི་དམག་དམངས་ཚོས་བཙན་འཛུལ་གྱི་སྟོབས་ཤུཌ་ལ་མི་སྐྲག་པར་རྫོང་རིའི་སྟེང་ནས་རྡོ་དང་། མདུང་། རྫས་མདའ་དང་མེ་སྒྱོགས་བཅས་ལ་བརྟེན་ཏེ་དབྱིན་དམག་དང་ཁྱོད་ཤི་ང་གསོན་གྱི་དམར་འཛིང་བྱས། མདེལ་ཟད་རྒྱགས་རྫོགས་བྱས་རྗེས་དཔལ་འཁོར་ཆོས་སྡེའི་ཡོན་ཏན་ཕུན་ཚོཌ་ཚུད་པའི་དཔའ་བོ་60ལྷག་ཙམ་གྱིས་ཤི་དགོས་བྱུང་ཡང་མགོ་མ་བཏཌ་པར་གཡང་གཟར་ནས་མཆོངས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་སྔ་རྗེས་སུ་བཙན་རྒྱལ་རིང་ལུགས་ཀྱིས་ཁ་ཕྲལ་ཕྱོགས་གཏོགས་དང་ངན་འབྲེལ་བྱེད་མགྱོགས་སུ་བཏང་ནས་བོད་འདི་ཉིད་མེས་རྒྱལ་གྱི་པང་ནས་ཁ་ཕྲལ་གཏོང་རྒྱུའི་རེ་ངན་བཅངས།

1931ལོར་དབྱིན་ཇིས་སིམ་ལའི་གྲོས་ཚོགས་འཚོགས་ནས་བོད་ས་གནས་ཀྱི་འཐུས་མིར“བོད་རང་བཙན”ཟེར་བའི་ཁུངས་ལུང་མེད་པའི་རེ་བ་ཐོག་མར་འདོན་རྒྱུའི་ངན་སྐུལ་བྱས་པར་ཀྲུང་གོ་སྲིད་གཞུང་གི་འཐུས་མིས་ཚིག་ནན་པོ་བཤད་དེ་ཁས་མ་བླངས། 1942ལོར་དབྱིན་ཇིའི་སྐུ་ཚབ་ཀྱི་རྒྱབ་སྐྱོར་འོག་བོད་ས་གནས་སྲིད་གཞུང་གིས་གློ་བུར་དུ“ཕྱི་འབྲེལ་ལས་ཁུངས”འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པར་རྒྱལ་ཡོངས་མི་དམངས་དང་གོ་མིན་སྲིད་གཞུང་གིས་ངོ་རྒོལ་བྱས་པ་རེད། 1949ལོའི་ཟླ་11པར་བོད་ས་གནས་སྲིད་གཞུང་གིས“མཛའ་མཐུན་ཚོགས་པ”ཟེར་བ་ཨ་རི་དང་དབྱིན་ཇི་སོགས་རྒྱལ་ཁབ་ཏུ་བཏང་ནས“བོད་རང་བཙན”ལ་ཆབ་སྲིད་དང་དམག་དོན་གྱི་རོགས་སྐྱོར་ཐོབ་རེ་བྱས།

139975608_16221949907661n.jpg

བོད་ཞི་བས་བཅིངས་འགྲོལ་བཏང་བས་བཙན་རྒྱལ་རིང་ལུགས་དང་ཁ་ཕྲལ་ཕྱོགས་གཏོགས་ཀྱི་སྟོང་བསམ་མཇུག་འགྲིལ་བ་རེད།

1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་སྲིད་གཞུང་གི་འཐུས་མི་དང་བོད་ས་གནས་སྲིད་གཞུང་གི་འཐུས་མིས་པེ་ཅིང་དུ《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》(བསྡུས་མིང་ལ《གྲོས་མཐུན་དོན་ཚན་བཅུ་བདུན》)བཞག་པ་རེད། གྲོས་མཐུན་གྱི་དོན་ཚན་དང་པོའི་ནང“བོད་ཀྱི་མི་དམངས་མཐུན་སྒྲིལ་བྱས་ནས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་སྟོབས་ཤུགས་མཐར་སྐྲོད་བཏང་སྟེ་བོད་ཀྱི་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་དུ་ལོག་རྒྱུའི”གཏན་འཁེལ་བྱས་ཡོད།

དུས་དེ་ནས་བཟུང་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འཚོ་བ་གསར་པའི་ཕྱོགས་སུ་བསྐྱོད།

139975608_16221949908291n.jpg

རྫོང་རིའི་འདབས་སུ་ཡོད་པའི་དཔལ་འབྱོར་ལྷུན་པོ་གྲོང་ཚོ་ནས་གསར་འགོད་པར་བགྲེས་སོང་རྡོ་རྗེ་འཕྲད། 1951ལོར་སྐྱེས་པའི་ཁོང་བོད་གསར་པ་དང་ན་ཟླ་རེད། “ངས་པཱ་ལགས་ཀྱི་ས་ནས་སྤོ་བོ་ལགས་སྔོན་མ་དབྱིན་འགོག་དམག་འཁྲུག་ལ་ཞུགས་མྱོང་བའི་སྐོར་ཐོས་མྱོང་ཡོད། ད་ཆ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་འདུག བཅིངས་འགྲོལ་དམག་གི་བཀའ་དྲིན་དང་གུང་ཁྲན་ཏང་གི་བཀའ་དྲིན་ལས་ང་ཚོའི་ཁྱིམ་གྱི་ལས་དབང་ལའང་འགྱུར་ལྡོག་ཆེན་པོ་བྱུང་སོང”ཞེས་བཤད།

རྫོང་རིའི་དཔའ་བོ་མཆོང་ཡུལ་དུ་ལངས་ནས་སྔོན་མའི་གནས་ཚུལ་ལ་དྲན་གསོ་བྱེད་སྐབས། སྐབས་དེ་དུས་ཀྱི་ལོ་ཟླ་ནི་ཁྲག་དང་མེ་ལྕེའི་ལོ་ཟླ་ཞིག་རེད་ལ། བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་འཐབ་རྩོད་ཀྱི་ལོ་རྒྱུས་ཤིག་ཀྱང་རེད། “དཔའ་བོའི་གྲོང་ཁྱེར”གྱི་དགའ་སྐྱོ་གཉིས་ལྡན་གྱི་ལོ་རྒྱུས་ཀྱི་ཤུགས་རྐྱེན་འོག་རྒྱལ་རྩེར་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྒྱུན་འཛིན་ཐུབ་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། ཁྱིམ་ཚང་ལ་དགའ་ཞེན་བཅས་བྱ་རྒྱུ་དེ་མི་རྣམས་ཀྱི་དད་སེམས་བརྟན་པོ་ཞིག་ཏུ་གྱུར་ཡོད།

139975608_16221949908861n.jpg

རྡོ་རྗེའི་ཁྱིམ་དང་བར་ཐག་སྨི་100ཙམ་གྱི་སར་ད་བར་ཉར་ཚགས་བྱས་པའི་བོད་རྙིང་པའི་སྐུ་དྲག་གི་གཞིས་ཀ་སྟེ་ཕ་ལྷ་གཞིས་ཀ་གནས་ཡོད། ཕ་ལྷ་གཞིས་ཀ་ནི་བོད་རྙིང་པའི་སྐུ་དྲག་གི་གཞིས་ཀ་ཆེ་གྲས་བཅུ་གཉིས་ཀྱི་གྲས་ཤིག་རེད་ལ། ད་བར་ཉར་ཚགས་ཆ་ཚང་ཤོས་བྱུང་བའི་སྐུ་དྲག་གི་གཞིས་ཀ་འབའ་ཞིག་དེའང་རེད།

LVབུད་མེད་ཀྱི་ཀོ་བའི་ཁུག་མ་དང་། ཨོའུ་སྨི་ཁའི་ལག་འདོགས་ཆུ་ཚོད། ཝན་པའོ་ལུང་གི་ལྕགས་སྨྱུག དབྱིན་ཇིའི་ཨ་རག་ཝུའེ་ཧྲེ་ཅི། རྒྱ་གར་གྱི་ཐ་མག་སོགས་ནི་དུས་རབས་20པའི་ལོ་རབས་50པའི་ནང་ཕ་ལྷའི་ཁྱིམ་རྒྱུད་ཀྱི་རྒྱུན་གཏན་འཚོ་བའི་སྤྱོད་ཆས་རེད། གསར་འགོད་པ་ཤིང་གི་སྐས་ཀ་འཛེགས་ནས་ཐོག་སོ་གསུམ་པའི་སྒྲིག་གཤོམ་ཁང་དུ་བསྐྱོད། ཁང་པའི་ནང་བུ་མོ་ཆུང་ཆུང་གི་རྐང་རུས་ཀྱིས་བཟོས་པའི་རྐང་གླིང་དང་། རྐང་ལྕགས་ལག་ལྕགས། འགྲམ་ལྕག་གཞུ་བྱེད་ཀྱི་ལག་ཆ་སོཌ་སྒྲིག་འདུག་པས་མཐོང་བ་ཙམ་གྱིས་སྐྱི་གཡའ་བ་ཞིག་སྣང་།

འགྲེལ་བཤད་པ་ཕུར་བུ་ཚེ་རིང་གིས། གསར་འགོད་པར་གཞིས་ཀའི་བདག་པོའི་མིང་ལ་བཀྲ་ཤིས་དབང་ཕྱུག་ཟེར་གྱི་ཡོད། ཕ་ལྷ་ཁྱིམ་རྒྱུད་ཀྱི་མི་མང་པོ་ཞིག་བོད་རྙིང་པའི་སྲིད་གཞུང་གི་དཔོན་རིགས་བྱེད་མྱོང་ཡོད་ལ། མི་ལྔ་བཀའ་བློན(བློན་ཆེན)བྱེད་མྱོང་ཡོད། སྔོན་མ་ཕ་ལྷ་ཁྱིམ་རྒྱུད་ལ་གཞིས་ཀ་37དང་། ས་ཞིང་མུའུ་ཁྲི་1.5ལྷག་ཙམ། འབྲོག་ར་12 ནོར་ལུག་མགོ་གྲངས་ཁྲི་1.4ལྷག་ཙམ། ཞིང་བྲན་3000ལྷག་ཙམ་ཡོད་ཅེས་བཤད།

1959ལོའི་ཟླ་3པར་བོད་ས་གནས་སྲིད་གཞུང་དང་མཐོ་རིམ་ལོག་སྤྱོད་རུ་ཚོགས་ཀྱིས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བོད་མི་དམངས་ཀྱི་འདུན་པ་དང་བསྟུན་ནས། ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་བ་དང་འབྲེལ་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་སྟེ། དམངས་གཙོའི་བཅོས་སྒྱུར་བྱས་ནས་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་བ་རེད།

“ད་ཆ་ང་རྫོང་དུ་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ཆེད་མངཌ་ཕ་ལྷ་གཞིས་ཀའི་ལོ་རྒྱུས་སྐོར་འགྲེལ་བཤད་རྒྱག་པའི་ལས་ཀ་བྱེད་ཀྱི་ཡོད། ད་ཆ་ང་ཚོའི་ཁྱིམ་ལ་རྨོ་ཞིང་དང་། ནོར་ལུག རླངས་འཁོར་བཅས་ཡོད་ལ། ད་དུང་རྫོང་གྲོང་ནས་ཁང་པ་ཉོས་ཡོད། ལོ་79ལ་སླེབས་པའི་ངའི་ཨ་མས་རྒྱུན་དུ‘ད་ལྟའི་འཚོ་བ་ཡག་པོ་དེ་འདྲ་རྨི་ལམ་དུའང་གཏོང་མྱོང་མེད’ཅེས་ཤོད་ཀྱི་འདུག”ཅེས་ཕུར་བུ་ཚེ་རིང་གིས་བཤད།

གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་དར་རྒྱས་གོང་དུ་འཕེལ་བའི་བོད་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་བསུ་བཞིན་ཡོད་ལ། གངས་ལྗོངས་ས་མཐོའི་དྭངས་གཙང་ལྷད་མེད་ཀྱི་མཛེས་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་འགུག་བཞིན་མཆིས།

139975608_16221949909601n.jpg

བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་སུ་རྫོང་རིའི་གནའ་ཤུལ་དང་ཕ་ལྷ་གཞིས་ཀར་སྐྱོད་སྐབས། བོད་ཞི་བས་བཅིངས་འགྲོལ་བཏང་བའི་དོན་སྙིང་དེ་བས་གསལ་པོ་རྟོགས་པ་སྟེ། བཙན་རྒྱལ་རིང་ལུགས་ཀྱི་བོད་ཁ་ཕྲལ་གཏོང་བའི་ལྐོག་གཡོ་ཐལ་བའི་རྡུལ་དུ་བརླགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པར་རྨང་གཞི་བརྟན་པོ་བཏིང་ཡོད་ལ། བོད་ལ“དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”གྲུབ་འབྲས་རླབས་པོ་ཆེ་ཡང་ཐོབ་འགོ་ཚུགས་པ་རེད།

རྫོང་རིའི་འདབས་སུ་ལངས་ཤིང་། མྱང་ཆུ་གཙང་པོའི་འགྲམ་དུ་སྐྱོད་སྐབས་རྒྱལ་རྩེའི་དབྱིན་འགོག་གི་རྒྱལ་གཅེས་ཀྱི་ལོ་རྒྱུས་དང་དམངས་གཙོའི་བཅོས་སྒྱུར་གྱི་གནས་ཚུལ་ངོ་མ་ལས་མི་རྣམས་ཀྱི་སེམས་ལ་ངར་ཤུགས་ཤིག་ངང་གིས་སྦྱིན་པར་བྱེད།

ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། སྔོན་མའི་དཀའ་ཚེགས་དག་ཤེས་ཐུབ་ལ། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་དེ་བས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་མདུན་ལམ་སྔར་བས་ཡངས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།