ཉིང་ཁྲི་གྲོང་ཁྱེར་གྱིས“གཞི་གཅིག་ཅན་གྱི་ལས་སྟེགས་གསུམ”བཏོད་དེ་མཐོ་སློབ་མཐར་ཕྱིན་སློབ་མ་ལས་ཞུགས་བརྟན་པོ་ཐུབ་རྒྱུར་གཡས་གཞོགས་གཡོན་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལས་ཞུགས་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ཤུགས་ཆེའི་རྒྱབ་སྐྱོར་དང་མཐུན་སྦྱོར་སྐུལ་འདེད་འོག་གཞན་གྱི་སྔོན་ལ་ལྗོངས་ཕྱིའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་བཙུགས་པ་དང་འབྲེལ“གཞི་གཅིག་ཅན་གྱི་ལས་སྟེགས་གསུམ”(ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཀོང་ཏུང་དུ་ཁྱིམ་གཞིས་བཙུགས་ནས་ཚད་ལྡན་ཅན་དང་། ཕྱོགས་བསྡུས་ཅན། སྣེ་མང་ཅན་བཅས་ཀྱི་ཞབས་ཞུའི་ལས་སྟེགས་བསྐྲུན་པ)བཏོད་དེ་ལས་ཞུགས་བོད་སྐྱོར་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ཀོང་ཏུང་དུ་ཁྱིམ་གཞིས་འཛུགས་པའི་དམིགས་ཡུལ་ནི་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་བསམ་པའི་རྟེན་གཞི་ཞིག་མཁོ་འདོན་བྱས་ནས་ཁོང་ཚོ་བློ་བདེ་པོའི་ངང་ལས་ཞུགས་དང་སྣ་མང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རེད། “ལས་སྟེགས་གསུམ”གྱིས“སྤྱོད་ཚུལ་བཟང་བ་དང་། ཁོར་ཡུག་ལེགས་པ། ཞབས་ཞུ་ལེགས་པ”བཅས་ཀྱི་འདུ་ཤེས་གཞིར་བཟུང་། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་བརྟན་པོ་ཐུབ་རྒྱུར་གཡས་གཞོགས་གཡོན་འདེཌ་བྱས་ཡོད།

“ལས་སྟེགས་གསུམ”ལ་བརྟེན་ནས་ལས་གནས་ཐོག་གསོ་སྦྱོང་བྱེད་པ་དང་ལས་ཞུགས་ལས་གཏོད་གསོ་སྦྱོང་སོགས་ལས་གནས་བརྟན་གཏོང་དང་ནུས་པ་སྦྱིན་པའི་བྱ་སྤྱོད་སྣ་ཚོགས་ཐོག་ནས་གསོ་སྦྱོང་དང་ལས་ཞུགས་ལ་མགོ་མཇུག་གཙང་སྒྲིལ་གྱི་ཞབས་འདེགས་ཞུས་ཡོད། 《ཀོང་ཏུང་ནས་རྡོག་ཐོན་བྱེད་པ། ལམ་བུ་རྐང་འོག་ཏུ་ཡོད》ཅེས་པའི་ལས་ཞུགས་བོད་སྐྱོར་གྱི་ཆེད་དོན་པར་གཞི་པར་བརྒྱབ་པ་དང་། 《ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཀོང་ཏུང་དུ་ལས་ཞུགས་བྱས་པའི་དངོས་བྲིས》ཞེས་པའི་ཆེད་སྒྲིག་ལེ་ཚན་བཟོས་ནས་ལྗོངས་ཕྱིའི་ལས་ཞུགས་ཀྱི་དྲང་ནུས་བརྒྱུད་སྤྲོད་དང་མི་རིགས་མཐུན་སྒྲིལ་གྱི་སྐད་སྒྲ་བཟང་པོ་བརྒྱུད་བསྒྲགས་བྱས་ཡོད། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི“སྔོན་ལ་མཐིལ་རྟོགས་དང་རྗེས་སུ་བཀོད་སྒྲིག”གི་བྱ་གཞག་ཚན་པའི་ཆེད་དོན་ལས་བསྡུ་བྱེད་སྟངས་གསར་པ་ཁྱབ་གདལ་བཏང་བ་དང་འབྲེལ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ“རོགས་སྐྱོར་གསུམ་དང་རྒྱབ་སྐྱོར་གཅིག”གི་འཆར་གཞིའི་ལས་བསྡུའི་ཁྱབ་ཁོངས་ནང་བཅུག་པ་དང་ཆབས་ཅིག མི་སྤྱོད་ཚན་པ་དང་མཐུན་སྦྱོར་བྱས་ཏེ་ཀོང་ཏུང་གི་བྱ་གཞག་ཚན་པར་ལས་ཞུགས་བྱེད་པར་སྐྱོད་མཁན་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་སློབ་དཔོན་གྱིས་གཅིག་གཏད་གཅིག་གི་ཐོག་ནས་མཛུབ་ཁྲིད་བྱ་རྒྱུ་བཀོད་སྒྲིག་བྱས་ཏེ་ཁོང་ཚོ་འཚར་ལོངས་ཡོང་བ་དང་ཤེས་ལྡན་མི་སྣར་འགྱུར་རྒྱུར་རོགས་རམ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།