བོད་ལྗོངས་ཀྱི་རོང་འབྲོག་པ་ཏང་ཡོན་ཁྲི19.5གྲོང་གསེབ་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་ལ་གྱུར་པ།

139987309_16227186357721n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། མིག་སྔར་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཏང་ཡོན་ཁྲི19.5ཟིན་པ་དང་གྲོང་ཚོ(གྲོང་ལྷན)5400ལྷག་ཙམ་ནང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར92.5%ཡོད་པའི་ནང་ལོར་ཡོང་འབབ་སྒོར་ཁྲི5ཡན་ཟིན་མཁན་གྱིས49.1%བཟུང་བ་དང་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི50ལས་བརྒལ་མཁན་གྱིས7.7%བཟུང་སྟེ་མང་ཚོགས་དབུལ་སྒྲོལ་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། ཞིང་འབྲོག་པ་ཏང་ཡོན་ལས་གྲུབ་པའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ་བཅས་བྱས་ཏེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་མཁན་དུ་གྱུར་ཡོད།

1959ལོར་ཟིལ་ཤུགས་ཆེ་བའི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་ལེ་དབར་ཁྲི་ཡི་གངས་ལྗོངས་ས་མཐོར་སྤེལ། ལོ་དེའི་ཟླ6པའི་ཚེས6ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང་ཁེ་གསུམ་གཞིས་ཀའི་ཞིང་བྲན302བོད་ཀྱི་ཞིང་པའི་མཐུན་ཚོགས་གྲ་སྒྲིག་ཨུ་ལྷན་དང་པོའི་ཁོངས་མིར་བདམས་པ་དང་། ལོ་དེའི་ཟླ་བཅུ་གཉིས་པར་བོད་ཀྱི་གྲོང་གསེབ་ཀྱི་ཏང་ཀྲི་པུའུ་དང་པོ་ཁེ་གསུམ་དུ་དབུ་བརྙེས་པ་དང་ངག་དབང་སོགས་མི་ལྔ་ཞིང་འབྲོག་པའི་ཏང་ཡོན་ཁག་དང་པོར་གྱུར་ཡོད།

139987309_16227186597581n.jpg

དེ་ནས་བཟུང་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་ཞིང་འབྲོག་པས་རང་འགུལ་ངང་བློ་ཁ་ཏང་རྩ་འཛུགས་ལ་ཕྱོགས་ནས་ཐོན་སྐྱེད་འཕེལ་རྒྱས་ཧུར་ཐག་བཏང་སྟེ་བོད་གསར་འཛུགས་སྐྲུན་གྱི་དུས་རབས་ཀྱི་རླབས་རྒྱུན་ནང་ཞུགས་ཡོད།

འདི་ལོ་ལོ79ལ་སླེབས་པའི་ཕུར་པ་ནི“བོད་ཀྱི་བཅིངས་འགྲོལ་གྲོང་ཚོ་དང་པོ”སྟེ། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོའི་ཏང་ཡོན་ཞིག་ཡིན། ཁོང་དམག་དཔུང་ལ་ཞུགས་མྱོང་བ་དང་དམག་ཞབས་ཐིམ་རྗེས་གྲོང་ཚོར་ལོག་ནས་ཐོན་སྐྱེད་རུ་ཁག་གི་རུ་དཔོན་བྱས་ཏེ་གྲོང་མི་སྣེ་ཁྲིད་ནས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཤུགས་ཆེན་བཏང་། སོན་བཟང་ཁྱབ་གདལ་དང་། ཆུ་ཡུར་གསར་བཟོ། དགུན་གྲོ་དང་། སྲན་མ། བྲ་བོ་སོགས་ལོ་ཏོག་བཏབ་པ་བཅས་བྱས་པར་བརྟེན་སྐམ་ཐོག་གྲོང་ཚོའི་གྲོང་མིའི་འཚོ་བ་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། “ཚང་མ་ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་བྱུང་བར་སྤོབས་པ་ཚད་མེད་སྐྱེ་ཡི་འདུག”ཅེས་ཁོང་གིས་བརྗོད།

139987309_16227186598031n.jpg

འདི་ལོ་ལོ58ལ་སླེབས་པའི་ཡུང་ཧུང་གིས1996ལོ་ནས2019ལོ་བར་སྔ་རྗེས་སུ་སྐམ་ཐོག་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དང་གྲོང་ཚོའི་ཏང་ཀྲི་པའི་ཧྲུའུ་ཅི་བྱས། ཁོང་གི་སྣེ་ཁྲིད་འོག་གྲོང་ཚོ་ཨུ་ལྷན་གཉིས་ཀྱིས་གོང་རིམ་གྱི་རྒྱབ་སྐྱོར་ཐོབ་ཐབས་བྱས་ཏེ་མང་ཚོགས་སྒྲིག་འཛུགས་ཀྱིས་གྲོང་ཚོའི་ལམ་རྒྱས་སྐྲུན་དང་། ཆུ་ཡུར་ཉམས་བཟོ། གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་བཏང་བ་བཅས་བྱས་པ་མ་ཟད། བ་གླང་གསོ་ཚགས་ར་བ་དང་སྣུམ་བཙག་ཁང་བཙུགས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཟམ་མི་ཆད་པར་སྟོབས་ཆེར་བཏང་བར་བརྟེན། གྲོང་མིའི་ཡོང་འབབ་རིམ་བཞིན་འཕར་ནས་ཁྱིམ་ཚང་ཀུན་གྱིས་ཐོག་བརྩེགས་ཅན་གྱི་སྡོད་ཁང་བརྒྱབ་ཡོད།

ས་བབ་མཐོ་ཚད་སྨི4400ཡོད་པའི་བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་ཆམས་འགུག་གྲོང་ཚོ་ནི་ནམ་དུས་བཞི་གྲང་ངར་ཆེ་ལ་གྲང་རླུང་འུར་འུར་དུ་ལྡང་བ་དང་ས་རྒྱ་ཆེ་ལ་མི་འབོར་ཉུང་། 2015ལོར་ཆམས་འགུག་གྲོང་ཚོས་འབྲོག་པའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་བཙུགས་པའི་ནང་གྲོང་ཚོ་ཡོངས་ཀྱི་འབྲོག་དུད71གི་མི256ཞུགས་པ་དང་ཁྱོན་རྩྭ་ར་མུའུ་ཁྲི་3.2བརྒྱུད་བཤུག་བཏང་ཡོད། ཆ་སྙོམས་མི་རེས་ར་ལུག་མགོ་གྲངས14མ་རྐང་ནང་བཞག་པ་དང་སྒེར་གྱི་མ་རྐང་གིས40%བཟུང་བ་དང་གྲོང་ཚོའི་མཉམ་སྡེབ་མ་རྐང་གིས60%བཟུང་ཡོད།

139987309_16227186598511n.jpg

“མཉམ་ལས་ཁང་གི་ཡོང་འབབ་ཀྱི82%ཧྲེ་ཡོན་ལ་བགོ་གི་ཡོད”ཆམས་འགུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་ཀྱིས། རྩྭ་ར་བརྒྱུད་བཤུག་བཏང་བས་གྲོང་ཚོའི་ངལ་རྩོལ་ནུས་ཤུགས་ལྷག་མར་བཅིངས་འགྲོལ་ཐོབ་སྟེ་ད་ཆ་གྲོང་ཚོའི་མང་ཚོགས161ཕྱིར་གླ་པར་འགྲོ་གི་ཡོད། 2017ལོར་ཆམས་འགུག་གྲོང་ཚོའི་དུད་ཚང་དབུལ་པོ21ཚང་མ་དབུལ་སྒྲོལ་ཐུབ་པ་དང2019ལོར་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར16000ཟིན་ཡོད་ཅེས་བརྗོད་བྱུང་།

ལོ་ལྔ་ཡི་རིང་སྔོན་མའི་འབྲོག་ལས་རྐྱང་པའི་གྲོང་ཚོ་དེས་འདུ་ཤེས་ལ་འགྱུར་ལྡོག་བཏང་བ་དང་འབྲེལ་སྲོལ་རྒྱུན་གྱི་འབྲོག་ལས་ཐོན་སྐྱེད་བྱེད་ཐབས་ལས་བསྒྲལ་ནས་འབྲོག་ཁུལ་དང་འཚམ་པའི་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད། “གྲུབ་འབྲས་དེ་དག་ནི་ང་ཚོས་ཧྲུའུ་ཅི་ཡག་པོ་དང་མང་ཚོགས་ཆེད་བྱ་བ་སྒྲུབ་མཁས་པའི་ཏང་ཀྲི་པུའུ་བདམས་པ་ལས་བྱུང་བ་ཞིག་ཡིན”ཞེས་ཆམས་འགུག་གྲོང་ཚོའི་གྲོང་མི་ཆོས་བཟང་དོན་གྲུབ་ཀྱིས་ལོ་དེ་དག་གི་འགྱུར་ལྡོག་སྐོར་གླེང་བཞིན་དེ་ལྟར་བརྗོད་བྱུང་།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་པ་ནས་བཟུང་། བོད་ཀྱི་ལས་བྱེད་པ་ཁྲི15.97གྱིས་མང་ཚོགས་དབུལ་པོ་དང་ཆ་སྒྲིག་རོགས་སྐྱོར་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་འབབ་འཕར་ཡོང་བར་བྱས་པ་དང་། རིམ་རྩིས་བྱས་ན་ལས་བྱེད་པ་ཁྲི10.59གྲོང་སྡོད་ལས་དོན་སྤེལ་བ་དང་ཧྲུའུ་ཅི་དང་པོ་ཁྲི1.03གྲོང་ཚོར་ལས་འགན་འཁུར་བར་བཏང་ནས་རོགས་སྐྱོར་ལས་དོན་དེ་དངུལ་དང་དངོས་པོ་སྤྲོད་པ་ནས་སྲིད་ཇུས་ཁྱབ་གདལ་གཏོང་བ་དང་། རྣམ་གྲངས་འཕེལ་རྒྱས་གཏོང་བ། ལས་ཞུགས་ཀྱི་ཐབས་ལམ་འཚོལ་བ་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།

139987309_16227186598991n.jpg

“གུང་ཁྲན་ཏང་གི་ལས་བྱེད་པ་ཡག་པོ་ཚོས་ང་ཚོར་དཀའ་ངལ་དངོས་སེལ་རོགས་དང་ཕྱུག་འགྱུར་ཐབས་ལམ་འཚོལ་རོགས་བྱས་པ་མ་ཟད། ང་ཚོ་དང་གཅིག་སེམས་གཅིག་ཏུ་འབྲེལ་བས་ངའི་བུ་ཕྲུག་ལས་ཀྱང་ལྷག་པ་ཡོད”ཅེས་སྐད་གྲགས་མེད་པར་མང་ཚོགས་ཆེད་ལས་དོན་སྒྲུབ་མཁན་ཏང་ཡོན་ལས་བྱེད་པའི་སྐོར་གླེང་སྐབས། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་རྩ་གྲོང་ཚོའི་གྲོང་མི་བསོད་ནམས་བག་བྲོས་སེམས་འགུལ་ཆེན་པོ་ཐེབས་བཞིན་དེ་ལྟར་བཤད།

ཞི་བས་བཅིངས་འགྲོལ་བཏང་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་རིམ་རྩིས་བྱས་ན་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར753བསྡུ་སྒྲིལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་བཏང་བ་དང་། རིམ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར466བཏང་ནས་རྣམ་གྲངས3037ལག་བསྟར་བྱས་པ། གཅིག་སྡུད་བཀོད་སྒྲིག་བྱ་ཡུལ964བསྐྲུན་ནས་མང་ཚོགས་ཁྲི26.6ཚང་མ་སྤོས་པ། ཞིང་འབྲོག་པའི་ཡོང་འབབ་ལོ6བསྟུད་མར་མགྱོགས་མྱུར་འཕར་ནས2020ལོར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར14598ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།