ལྷོ་ཁ་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་མང་ཚོགས་ཕྱུག་འགྱུར་ལམ་དུ་བསྐྱོད་པ།

a6d7b051-b36f-4d25-90d8-ec4815236faf.jpg

པར་འདི་ནི་སོ་དྲུག་ཤང་གི་འདེབས་འཛུགས་རྟེན་གཞིའི་ནང་ལས་སྒྲུབ་མི་སྣས་རྒུན་འབྲུམ་གྱི་མྱུ་གུ་སྐྱེ་ཚུལ་ལ་ལྟ་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོ་དྲུག་ཤང་གིས“ཏང་འཛུགས་སྐྱོང+”ཡི་གྲོང་གསེབ་དར་སྤེལ་གྱི་རྣམ་པ་འཚོལ་ཞིབ་བྱས་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་དེ་གྲོང་གསེབ་དར་སྤེལ་གྱི་ལམ་བུ་གཏད་ནས་ཞིང་པ་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་པ་རེད། སོ་དྲུག་ཤང་ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་འོག དེང་སྐབས་བོད་སྨན་རྒྱུ་ཆ་སྣ་ཚོགས་འདེབས་འཛུགས་དང་། ཤ་མོ་འདེབས་འཛུགས། རྒུན་འབྲུམ་འདེབས་འཛུགས་སོགས་ཀྱི་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་ནས་གཞི་ཁྱོན་ཉིན་རེ་བཞིན་ཆེ་རུ་ཕྱིན་ཡོད་ལ། དེ་དག་སོ་དྲུག་ཤང་གི་ཁྱད་ལྡན་ཐོན་ལས་སུ་གྱུར་ནས་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།