ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཨུ་ཡོན་ལྷན་ཁང་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་འཆར་འགོད་བྱས་ནས་བཏོན་པའི། ཀུན་འདུས་བརྙན་སྦྱོར་གྱི་དྲིལ་བསྒྲགས་བྱེད་སྒོ། ལོ་བརྒྱར་བསྟོད་གླུ་འབུལ། བོད་ཀྱི་ལོ་ཆུང་བྱིས་པའི་ངག་གི་སྒྱུ་རྩལ། ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན་ཞེས་པ་དེ་སྤྱི་ཟླ6པའི་ཚེས1ཉིན་ནས་བཟུང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་སྤང་རྒྱན་མེ་ཏོག་ལེ་ཚན་དང་རིན་བྲལ་གྱི་བྱིས་དུས་ལེ་ཚན། བོད་ལྗོངས་འཕྲིན་དྲ། བོད་ལྗོངས་སྲུང་སྐར་འཕྲིན་ལམ་གྱི་འཕྲིན་ཕྲན་སྤྱི་སྟེགས་བཅས་ཀྱི་ཐོག་དུས་གཅིག་ཏུ་གཏོང་མགོ་ཚུགས་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན། བྱེད་སྒོ་དེ་སྤེལ་ཚུན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སློབ་གྲྭ་འབྲིང་ཆུང་གི་སློབ་མས་རྒྱ་ཁྱབ་ངང་དོ་འཁུར་བྱས་ཡོད་པ་དང་། སྐད་ཆ་དང་རོལ་དབྱངས། རོལ་ཆ། སྙན་ངག་འགྱེར་འདོན། སྒྲུང་གཏམ། གླུ་གཞས་སོགས་རིགས་ཀྱི་རྩམ་བྱ་བརྒྱ་ཙམ་འབྱོར་ཡོད་པ་དག་ལ་བྱེད་སྒོའི་དཔྱད་འདེམས་ཨུ་ཡོན་ལྷན་ཁང་ནས་དཔྱད་འདེམས་བྱས་པ་བརྒྱུད། ཕུལ་བྱུང་གི་རྩམ་བྱ29གཅིག་བསྡུས་ཐོག་པར་ལེན་དང་འགྲེམས་སྟོན་བྱས་ཡོད། ལེ་ཚན་དེས་ངག་གི་སྒྱུ་རྩལ་རྣམ་པའི་ཐོག་ནས་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་སྒྲིག་འཛུགས་བྱས་ཏེ་གུང་ཁྲན་རིང་ལུགས་ཀྱི་ཕུལ་བྱུང་རྒྱུན་འཛིན་པའི་སྔོན་ཐོན་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད་གླེང་ནས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཆུང་དུས་ནས་གུང་ཁྲན་རིང་ལུགས་ཀྱི་བླ་ན་མེད་པའི་ཕུགས་བསམ་འཆང་བ་དང་སྔོན་ཐོན་དཔེ་མཚོན་མིག་དཔེར་འཛིན་ཐོག སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་ནས་གུང་ཁྲན་རིང་ལུགས་ཀྱི་ཕུལ་བྱུང་རྒྱུན་འཛིན་པ་ཞིག་བྱེད་རྒྱུར་ཁྲིད་སྟོན་བྱས་ཡོད།།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བྱིས་པའི་རིག་རྩལ་འཁྲབ་སྟོན་ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན་ཞེས་པ་གཏོང་མགོ་ཚུགས།