བོད་ལྗོངས་ཀྱི་ས་གནས་ཁག་ཏུ་ཚན་རྩལ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྣ་ཚོགས་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚན་རྩལ་བྱེད་སྒོའི་གཟའ་འཁོར་རིང་།  བོད་ལྗོངས་ཀྱི་ས་གནས་ཁག་ཏུ་སྤྱི་ཚོགས་ཡོངས་ཐེ་ཞུགས་དང་སྤྱི་དམངས་ལ་ཕྱོགས་པའི་ཚན་རྩལ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།   

བོད་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུད་ཀྱིས་ལྷ་ས་གཡུ་ཐོག་ལམ་དུ།  ཚན་རྩལ་ལ་བརྟེན་ནས་འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཉུང་གཏོང་ལ་རམ་འདེགས་བྱས་ཏེ་སྤུས་དག་འབྲུ་རིགས་མཁོ་སྤྲོད་བྱེད་སྟངས་གསར་གཏོད་བྱེད་ཅེས་བརྗོད་དོན་གཙོ་བོར་བྱས་པའི་ཚན་རྩལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ།  ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་དཔྱད་གཞི་བཀྲམས་པ་ཕུད།  ཐོན་རྫས་དང་ཚན་རྩལ་ཞིབ་འཇུག་གྲུབ་འབྲས་བརྒྱུད་བོད་ལྗོངས་འབྲུ་རིགས་ཐད་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།  

ཚན་རྩལ་བྱེད་སྒོའི་རིང་།  ལྷོ་ཁ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་ཚན་རྩལ་གྱི་ནུས་པར་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཅེས་བརྗོད་དོན་གཙོ་བོར་བྱས་པའི་སྤྱི་ལོ2021ལོའི་ལས་རིགས་སློབ་གསོ་བྱེད་སྒོའི་གཟའ་འཁོར་གྱི་སློབ་མའི་རྩལ་ནུས་འགྲན་བསྡུར་ཆེ་མོ་གཉེར་ནས།  སློབ་མ་ཚོའི་ཚན་རྩལ་དང་གསར་གཏོད་ཀྱི་སྤྲོ་སེམས་འཕེལ་བ་བྱས་ཡོད།  

ཉིང་ཁྲི་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་ཚན་རྩལ་ཁང་དུ་གསོན་ཉམས་དོད་པའི་འཆད་ཁྲིད་དང་མངོན་སུམ་གྱི་ཁྲིད་ཆས་མ་དཔེ་བརྒྱུད།  སློབ་མ་ཚོས་གློག་བརྙན་གྱི་བརྙན་འཆར་དང་ཉི་ནུས་གློག་འདོན་སོགས་ཚན་རིག་གི་རྩ་བའི་རིག་པ་ཤེས་རྟོགས་ཐུབ་པ་མ་ཟད།  མཁའ་དབྱིངས་ཀྱི་ངོ་མཚར་དང་རྫས་འགྱུར་གྱི་འགྱུར་བ་སྣ་ཚོགས།  སྐྱེ་དངོས་སྣེ་མང་རང་བཞིན་སོགས་ཀྱང་མྱོང་ཚོར་ཐུབ་ཡོད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།