མྱུར་བགྲོད་གཞུང་ལམ་བརྒྱུད་ནས་ཀྲུང་གོར་ལྟ་བ་ལས་མཐོ་སྒང་གི་མྱུར་བགྲོད་གཞུང་ལམ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལམ་ཐག་ཧྲིལ་པོར་སྤྱི་ལེ400ལྷག་ཡོད་པའི་ལྷ་ཉིང་མཐོ་རིམ་གཞུང་ལམ་གྱིས་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་སྦྲེལ་མཐུད་བྱས་ཡོད་ལ། དེ་ནི་བོད་ཤར་དང་བོད་དབུས་སྦྲེལ་མཐུད་ཀྱི་བགྲོད་ལམ་གལ་ཆེན་ཞིག་རེད། ལྷ་ཉིང་མཐོ་རིམ་གཞུང་ལམ་གྱིས་འགྲོ་སྐྱོད་དུས་ཚོད་ནུས་ལྡན་ངང་ཇེ་ཐུང་དུ་བཏང་ནས་བོད་ལྗོངས་མཐོ་སྒང་དུ“མྱུར་བགྲོད་ལམ་བུ”ཞིག་བཏོད་ཡོད།

༡.jpg

འགྲོ་སྐྱོད་དུས་ཚོད་ཇེ་ཐུང་དུ་སོང་བར་བརྟེན་ནས་ལྷ་ཉིང་མཐོ་རིམ་གཞུང་ལམ་རྒྱུད་ཀྱི་ཡུལ་སྐོར་ལས་རིགས་སྔར་བས་འཕེལ་རྒྱས་ཕྱིན་ཡོད།

༣.jpg

ལྷ་ཉིང་མཐོ་རིམ་གཞུང་ལམ་འདི་ཉིད་བོད་ལྗོངས་ཀྱི་འགྲིམ་འགྲུལ་འཕོ་འགྱུར་གྱི་བསྡུས་རིས་ཤིག་ཀྱང་རེད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་རང་སྐྱོང་ལྗོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི3.83ཇེ་མང་དུ་ཕྱིན་ནས་ཆ་སྙོམས་ལོ་རེར་སྤྱི་ལེ7660ཡོད་པའི་གཞུང་ལམ་བསྐྲུན་པའི་མཐོ་སྒང་གི་ངོ་མཚར་བཏོད་ཡོད། 

༢.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།