ཇ་ལོ་འདེབས་འཛུགས་ལ་བརྟེན་ནས་མང་ཚོགས་འབྱོར་འབྲིང་ལམ་དུ་བསྐྱོད་པ།

89b2c134-7263-4467-b207-62d6a822298e.jpg

པར་འདི་ནི་མཉམ་ལ་སཁང་གི་ལས་སྒྲུབ་མི་སྣས་ཇ་ལོ་འཐོག་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱི་ས་གནས་ཁག་ཏུ་མཉམ་ལས་ཁང་གི་ལས་དོན་རྒྱ་ཆེར་སྤེལ་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད། 2013ལོར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་གིས་མང་ཚོགས132སྒྲིག་འཛུགས་བྱས་ཏེ་སླད་མོན་པ་མི་རིགས་ཤང་གི་ཇ་ལོ་ཆེད་ལས་མཉམ་ལས་ཁང་བཙུགས་ནས། རྟེན་གཞི་དང་ཞིང་དུད། མཐུན་ཚོགས་ཟུང་འབྲེལ་གྱི་ཇ་ལོའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་རེད། དེང་སྐབས་སླད་མོན་པ་མི་རིགས་ཤང་གི་ཇ་ལོ་འདེབས་འཛུགས་རྒྱ་ཁྱོན་མུའུ693ལ་སླེབས་པ་དང་། མཉམ་ལས་ཁང་དེས་ཤང་དེའི་སྲིད་འཛིན་གྲོང་ཚོ་གཉིས་ཀྱི་དུད་ཚང60ཡི་མི143ལས་ཞུགས་ཐུབ་པར་སྣེ་ཁྲིད་བྱས་ཤིང་། དུད་ཚང་རེར་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་ཁྲི1.9ཡོད་པ་དང་མི་རེའི་ཆ་སྙོམས་ཁེ་སྤོགས་སྒོར3500ལ་སླེབས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།