བོད་ལྗོངས་ཀྱི་བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ།

W020210603327132021537.jpg

པར་འདི་ནི་བོད་ལྗོངས་ཀྱི་ལྷ་ཀླུ་བརླན་སའི་མཛེས་ལྗོངས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ཚལ་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་བརླན་སའི་ཐོན་ཁུངས་ལ་བརྟག་དཔྱད་ཐེངས་གཉིས་པ་བྱས་པའི་མཇུག་འབྲས་ལྟར་ན། བོད་ལྗོངས་ཀྱི་བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་བརླན་སའི་རིགས་ཕུན་སུམ་ཚོགས་པས། འཛམ་གླིང་སྟེང་དམིགས་བསལ་གྱི་མཐོ་སྒང་བརླན་ས་ཁྱབ་ཁུལ་ཞིག་རེད། དེའི་ནང་རྩ་རི་གནམ་མཚོའི་བརླན་ས་དང་། ཟི་ལིང་བདུད་མཚོའི་བརླན་ས། སྨི་ཏི་ཁའི་བརླན་ས། མ་ཕམ་གཡུ་མཚོའི་བརླན་ས་བཅས་བརླན་ས་བཞི་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་མིང་གཞུང་དུ་བཅུག་ཡོད། མིག་སྔའི་བར་དུ་བོད་རང་སྐྱོང་ལྗོངས་ཀྱིས་བརླན་སའི་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ15དང་། རྒྱལ་ཁབ་བརླན་སའི་སྤྱི་གླིང22(ཚོད་ལྟའི་ཁུལ་ཚུད་པ)བསྐྲུན་ཡོད་པ་དང་། བརླན་ས12རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་གྱི་མིང་གཞུང་དུ་བཅུག་པ་རེད། རང་བྱུང་སྲུང་སྐྱོང་ཁུལ་གཙོ་བོར་བཟུང་སྟེ་རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང་དང་རྒྱལ་སྤྱིའི་བརླན་ས་གལ་ཆེན། རྒྱལ་ཁབ་ཀྱི་གཙོ་གནད་བརླན་ས་སོགས་སྣ་མང་གི་བརླན་སའི་སྲུང་སྐྱོང་མ་ལག་རིམ་བཞིན་གྲུབ་ཡོད། བོད་རང་སྐྱོང་ལྗོངས་སུ་སྲུང་སྐྱོང་ཐོབ་པའི་བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི449སླེབས་པ་དང་དེའི་བོད་རང་སྐྱོང་ལྗོངས་ཀྱི་བརླན་སའི་རྒྱ་ཁྱོན་གྱི68.75%བཟུང་ཡོད།

ཉེ་བའི་ལོ་འགའི་རིང《བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད(2008---2030ལོ)》དང་ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ལས་བཅོས་སྒྱུར་འཕེལ་རྒྱས་ཀྱི་མ་དངུལ་བརྒྱུད་དེ། བོད་ལྗོངས་ཀྱིས་བརླན་ས་སྲུང་སྐྱོང་དང་སླར་གསོ། བརླན་ས་སྲུང་སྐྱོང་ཁ་གསབ་མ་དངུལ་སོགས་བསྡོམས་པས་ལས་གཞི་རྣམ་གྲངས110ལྷག་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར8.6དོན་འཁྱོལ་བྱས་ལ།(དེའི་ནང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་བརླན་ས་སྲུང་སྐྱོང་དང་སླར་གསོའི་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར4.98དང་། ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ལས་བཅོས་སྒྱུར་གྱི་བརླན་སའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར3.62བཏང་བ་ཚུད)སྤྱི་ཆིང་ཁྲི60ལྷག་གི་བརླན་སར་དོ་དམ་སྲུང་སྐྱོབ་བྱས་ཤིང་། སྤྱི་ཆིང་ཁྲི10ལྷག་གི་བརླན་སར་སྲུང་སྐྱོང་སླར་གསོའི་ལས་དོན་བཅས་སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།