“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ལྷ་སའི་ནགས་སྐྲུན་ལྗང་སྒྱུར་མུའུ་ཁྲི64ལེགས་འགྲུབ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུའུ་ཡིས2021ལོའི་གྲོང་ཁྱེར་ཡོངས་ཀྱི་ནགས་ལས་རྩྭ་ཐང་ལས་དོན་ཚོགས་འདུ་བསྡུས་ཤིང་། ཚོགས་འདུའི་སྟེང“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”དང2020ལོའི་གྲོང་ཁྱེར་ཡོངས་ཀྱི་ནགས་ལས་རྩྭ་ཐང་ལས་དོན་སྤེལ་བའི་གནས་ཚུལ་དང་། 2021ལོ་དང“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”གཙོ་གནད་ལས་དོན་གྱི་འཆར་གཞི་ཡོངས་བསྒྲགས་བྱས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་གྲོང་ཁྱེར་ཡོངས་སུ་ནགས་སྐྲུན་ལྗང་སྒྱུར་མུའུ་ཁྲི64ལེགས་འགྲུབ་བྱས་པ་དང་། སྐྱེ་ཁམས་སྤྱི་ཕན་ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི744ནས་མུའུ་ཁྲི779བར་འཕར་སྣོན་བྱུང་བ། ནགས་ཚལ་གྱི་ཁེབས་ཚད་སྔོན་དཔག་བྱས་ན20%ལ་སླེབས་ཡོད།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ལྷ་ས་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུའུ་ཡིས་ནགས་ལས་རྩྭ་ཐང་གི་དོན་དངོས་དང་ལས་རིགས་ཀྱི་ལེགས་ཆ་ཟུང་འབྲེལ་བྱས་ཏེ་ནགས་ལས་རྩྭ་ཐང་ལས་གཞིའི་རྣམ་གྲངས་ལག་བསྟར་བྱས་ཤིང་། ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་གླ་བ་དང་། ས་གནས་དེ་གའི་འཕྲུལ་ཆས་བོགས་མར་ལེན་པ། ལུགས་མཐུན་སྒོས་ས་གནས་དེ་གའི་སྡོང་ཕྲུག་ཉོ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མང་ཚོགས་ལ་ཡོང་འབབ་སྒོར་དུང་ཕྱུར3.5འཕར་སྣོན་བྱུང་བ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྤྱི་ཕན་ནགས་ཚལ་གྱི་ཁ་གསབ་མ་དངུལ་དང་དབུལ་ཐར་ལས་ཞུགས་ལས་གནས་ལ་ཁ་གསབ་བྱེད་པའི་མ་དངུལ་སྒོར་དུང་ཕྱུར1.87དོན་འཁྱོལ་བྱས། གྲོང་ཁྱེར་ཡོངས་སུ་དབུལ་སྐྱོར་སྡོང་ཕྲུག་འདེབས་འཛུགས་ལྟེ་གནས6བསྐྲུན་པ་དང་། སྡོང་ཕྲུག་འདེབས་འཛུགས་ལྟེ་གནས་རེ་རེའི་མང་ཚོགས་ལ་ལོ་རེར་ཡོང་འབབ་སྒོར་ཁྲི50ཡན་འཕར་བཞིན་ཡོད་ལ། ཆ་སྒྲིག་རོགས་སྐྱོར་དང་གནས་གཏན་འཁེལ་གྱི་རོགས་སྐྱོར། འཛད་སྤྱོད་རོགས་སྐྱོར་གྱི་ལས་དོན་རྒྱ་ཆེར་སྤེལ་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི22འཕར་སྣོན་བྱུང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།