བོད་ལྗོངས་ཀྱི“རིག་ནུས་དཔེ་དེབ་ཁང”ཐོག་མ་སྤྱོད་མགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ5པའི་མཇུག་མཐའི་གཟའ་འཁོར་ནི་ཐེངས33པའི“རྒྱལ་ཡོངས་ཀྱི་སྤྱི་པའི་དཔེ་མཛོད་ཁང་ལ་ཞབས་འདེགས་ཞུ་བའི་དྲིལ་བསྒྲགས་གཟའ་འཁོར”ཡིན་ལ། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དཔེ་མཛོད་ཁང་གིས“རིག་ནུས་དཔེ་དེབ་ཁང”གི་སྒོ་བྱང་འགེལ་བའི་མཛད་སྒོ་དང“དཔེ་ཀློག་གིས་ང་ལ་བློ་སྐྱེད་བྱུང”ཞེས་པའི་བརྗོད་དོན་གཙོ་བོའི་བྱ་འགུལ་སྤེལ་ཏེ། “དམངས་ཡོངས་ཀྱིས་དཔེ་ཀློག་བྱས་ནས་དཔེ་ཀློག་གི་དར་སྲོལ་ཡོད་པའི་ཉིང་ཁྲིའི”རྣམ་པ་བཟང་པོ་ཞིག་བཏོད་ཡོད།

ཉིང་ཁྲི་གྲོང་ཁྱེར་དཔེ་མཛོད་ཁང་གིས་ཕྱིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་བརྒྱུད། དཔེ་ཀློག་ཁོར་ཡུག་དང་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ནས་ལྗོངས་ཡོངས་སུ“རིག་ནུས་དཔེ་དེབ་ཁང”ཐོག་མ་བསྐྲུན་པ་རེད། གསར་དུ་བསྐྲུན་པའི“རིག་ནུས་དཔེ་དེབ་ཁང”དེ་རིག་གནས་ཀྱི་དམངས་ཕན་རྣམ་གྲངས་ཤིག་ཡིན་པའི་ངོས་ནས“དམངས་ཡོངས་ཀྱི་དཔེ་ཀློག་དང་དཔེ་ཀློག་ཉིང་ཁྲིའི”གྲོང་ཁྱེར་གྱི་མིང་བྱང་དུ་འགྱུར་རྒྱུ་ཡིན་ལ། རྒྱ་ཆེའི་གྲོང་མི་ཡོངས་ཀྱིས་དཔེ་དེབ་ལ་ལྟ་བ་དང་། གཡོར་བ། ཀློག་པ། ཉན་པ་སོགས་ཕྱོགས་ཡོངས་ཀྱི་དཔེ་ཀློག་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུ་རེད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།