“ནགས་ཚལ་མེ་འགོག”བྱིས་པ་ཚོ་དང་མཉམ་དུ་བསྐྱོད་པ།

1.jpg

2.jpg

3.jpg

4.jpg

གོང་གི་པར་དག་ནི་ནགས་ཚལ་མེ་འགོག་སྐོར་གྱི་བྱ་འགུལ་སྤེལ་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ནགས་ཚལ་མེ་འགོག་རུ་འབྲིང་དང་ཉིང་ཁྲི་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭ་གཉིས་ཀྱིས་མཉམ་འབྲེལ་ངང“བྱིས་སེམས་ཏང་ལ་བཅིངས་ནས་བདེ་སྐྱིད་ངང་འཚར་ལོངས་འབྱུང་བ”ཞེས་པའི་བྱ་འགུལ་སྤེལ་བ་དང་། བྱ་འགུལ་ཁྲོད་མེ་འགོག་བཀོད་འཐབ་པས་སློབ་གྲྭའི་སློབ་མ་རྣམས་ལ་མི་རིགས་ཀྱི་ཞབས་བྲོ《འོད་སྟོང་འབར་བའི་ཉིང་ཁྲི》འཁྲབ་སྟོན་བྱས་པ་མ་ཟད། རང་འགུལ་གྱིས་བྱིས་པ་རྣམས་དང་འབྲེལ་ཡོད་ཀྱི་ཡིག་རྩལ་མཁོ་ཆས་དང་། འཚོ་བའི་མཁོ་ཆས་སོགས་ཀྱི་བྱམས་སེམས་ཞལ་འདེབས་ཕུལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་དམིགས་བསལ་སློབ་མའི་སློབ་སྦྱོང་དང་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་ཆབས་ཅིག་ཏུ་སློབ་གྲྭའི་དགེ་སློབ་དག་རུ་འབྲིང་གི་སྒར་ཁུལ་དུ་ལྟ་སྐོར་བྱེད་པར་གདན་འདྲེན་ཞུས། ལྟ་སྐོར་བྱེད་པའི་གོ་རིམ་ཁྲོད་རུ་འབྲིང་བཀོད་འཐབ་པས་དགེ་སློབ་རྣམས་ལ་འཕྲལ་བསྟུན་རྒུད་སྐྱོབ་སྒྲིག་ཆས་ངོ་སྤྲོད་བྱས་པ་མ་ཟད། གློ་བུར་དུ་བྱུང་བའི་རང་བྱུང་གནོད་འཚེ་དང་འཕྲད་དུས་ཅི་ལྟར་རང་སྐྱོབ་དང་ཕན་ཚུན་སྐྱོབ་པའི་རྒྱུན་ཤེས་གསལ་བོར་བརྗོད་པ་རེད།

རྫ་ཡུལ་རྫོང་ནགས་ཚལ་མེ་འགོག་རུ་འབྲིང་གི་བཀོད་འཐབ་པ་དང་མེ་འགོག་ལས་དོན་མི་སྣ་རྫ་ཡུལ་རྫོང་བུ་བཅོལ་ཁང་དུ་ཕྱིན་ནས་ནགས་ཚལ་མེ་འགོག་དང་ནགས་ཚལ་བདེ་འཇགས་བརྗོད་གཞིའི་སློབ་གསོ་བྱ་འགུལ་སྤེལ་ནས་བྱིས་པ་ཚོར་མེ་གསོད་རོགས་སྐྱོབ་སྒྲིག་ཆས་ལ་རྒྱུས་ལོན་བྱེད་པའི་ངང་ནགས་ཚལ་མེ་འགོག་དང་ནགས་ཚལ་བདེ་འཇགས་ཤེས་བྱ་སློབ་དུ་བཅུག་པ་རེད།

སྨན་གླིང་རྫོང་ནགས་ཚལ་མེ་འགོག་རུ་འབྲིང་གིས “ངས་མང་ཚོགས་ཆེད་དུ་དོན་དངོས་སྒྲུབ”ཅེས་པའི་བྱ་འགུལ་སྤེལ་ཏེ་སྨན་གླིང་རྫོང་ནན་ཡེ་སློབ་ཆུང་གི་དགེ་སློབ་རྣམས་གདན་འདྲེན་བྱས་པ་དང་ཆབས་ཅིག་ཏུ་རྒྱ་ཆེའི་དགེ་སློབ་རྣམས་ལ་ནགས་ཚལ་བདེ་འཇགས་སྐོར་གྱི་རྒྱུན་ཤེས་དང་འཕྲལ་བསྟུན་རོགས་སྐྱོབ་ཤེས་བྱ་ཁྱབ་གདལ་དུ་བཏང་།

བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད། སྔར་ལས་ལྷག་པའི་སྒོ་ནས་ལོ་ཆུང་བྱིས་པ་ཚོས་ནགས་ཚལ་མེ་འགོག་རུ་ཁག་གི་ངེས་ཤེས་དང་ལོ་ཆུང་བྱིས་པའི་ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་དོགས་ཟོན་འདུ་ཤེས་དང་གནོད་འགོག་གནོད་སེལ་རྒྱུན་ཤེས་ཇེ་ཆེར་བཏང་བ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།