མངའ་རིས་འཚོལ་ཞིབ་ཀྱི་གདོང་ལེན་ཚོགས་པས་བོད་ལྗོངས་ཀྱི་ནུབ་རྒྱུད་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

W020210601317531722703.jpg

པར་འདི་ནི་གདོང་ལེན་ཚོགས་པས་མཉམ་པར་རྒྱག་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། “མངའ་རིས་འཚོལ་ཞིབ་ཀྱི་སྟོང་མིའི་ཡུལ་སྐོར་བྱ་འགུལ”གྱི་གདོང་ལེན་པའི་ཚོགས་པ་བོད་ལྗོངས་མངའ་རིས་སུ་བསྐྱོད་པ་དང་། ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་བོད་ལྗོངས་དང་བོད་ལྗོངས་ནུབ་རྒྱུད་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

བྱ་འགུལ་དེ་བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིས་གཙོ་སྒྲུབ་བྱས་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་དང་ཚོང་པ30ལྷག་གིས་གྲུབ་པའི་གདོང་ལེན་ཚོགས་པ་ཡིས་ལྷ་ས་ནས་མངའ་རིས་བར་གྱི་ཡུལ་སྐོར་ལམ་ཐིག་ལ་ཟས་གོས་འགྲོ་སྡོད་ཀྱི་ཟུར་ཚད་མང་པོའི་ཐོག་ནས་ཉམས་ལེན་དང་རྟོག་ཞིབ་བྱས་ཏེ། མངའ་རིས་སུ་བསྐྱོད་པའི་ཡུལ་སྐོར་བར་དོན་དངོས་ནུས་ལྡན་གྱི་ཡུལ་སྐོར་བློ་འདྲི་མཁོ་འདོན་བྱས་པ་མ་ཟད། ད་དུང་རྗེས་མའི་ལས་དོན་ཁྲོད་ཁྲོམ་རའི་གནས་བབ་དང་འཚམ་པའི་མངའ་རིས་ཡུལ་སྐོར་ལམ་ཐིག་བཟོས་ནས་ཁྲོམ་ར་ཁྱབ་གདལ་བཏང་བ་རེད།

W020210601317531789765.jpg

པར་འདི་ནི་གུ་གེའི་རྒྱལ་རབས་ཀྱི་རྗེས་ཤུལ་རེད།

གངས་རིན་པོ་ཆེ་དང་།  གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ། མཚོ་མོ་ངང་ལྷ་རིང་པོ་སོགས་གཟའ་འཁོར་གཅིག་རིང་གི་འགྲུལ་བཞུད་བརྒྱུད་གདོང་ལེན་ཚོགས་པསམཁའ་དབྱིངས་ཀྱི་མངའ་རིས”ཀྱི་མཛེས་ལྗོངས་ལ་བལྟས་རྗེས་ཁོངས་མི་རྣམས་ཀྱིས་ཐེངས་འདིའི་རྟོག་ཞིབ་བྱས་པའི་གནས་ཚུལ་ལ་གཞིགས་ནས་མི་སྔར་བས་མང་བོ་མངའ་རིས་སུ་ཡུལ་སྐོར་དུ་ཡོང་རྒྱུར་སྒྲིག་འཛུགས་བྱ་རྒྱུ་ཡིན་ཞེས་བཤད།

W020210601317531815170.jpg

པར་འདི་ནི་མངའ་རིས་ཀྱི་ཡུལ་ལྗོངས་རེད།

བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ཐེངས་འདིའི་བྱ་འགུལ་སྤེལ་བར་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་དང་ཚོང་པ་རྣམས་མཉམ་དུ་འཛོམས་ནས་ས་གནས་དེ་གའི་མཛེས་ལྗོངས་ལ་ཐུན་མོང་ཐོག་ཉམས་ལེན་བྱས་ནས། ཁྱད་ཆོས་ལྡན་པའི་ལྷ་ས་ནས་མངའ་རིས་བར་གྱི་ཡུལ་སྐོར་ལམ་ཐིག་དང་ཐོན་རྫས་ཆགས་ཏེ་མངའ་རིས་ཀྱི་ཡུལ་སྐོར་གནད་སྨིན་དབུལ་སྐྱོར་ཡོང་བར་ཐབས་ཇུས་བཏོན་ནས་སླར་ཡང་བོད་ལྗོངས་སུ་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཞིག་གཏོད་རྒྱུའི་རེ་བ་ཡོད་ཅེས་བཤད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།