ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག

W020210529301735754505.jpg

པར་འདི་ནི་དམངས་སྤྱོད་མཁའ་འགྲུལ་གྱི་བོད་སྐྱོར་ལས་དོན་ཚོགས་འདུའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས28ཉིན་དམངས་སྤྱོད་མཁའ་འགྲུལ་གྱི་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཉེ་བའི་ལོ་འགའི་རིང་གི་དམངས་སྤྱོད་མཁའ་འགྲུལ་གྱི་བོད་སྐྱོར་ལས་དོན་གྱི་ཕན་འབྲས་ལ་ཕྱོགས་སྡོམ་བྱས་པ་དང་། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། རྗེས་མའི་དམངས་སྤྱོད་མཁའ་འགྲུལ་གྱི་བོད་སྐྱོར་ལས་དོན་གྱི་སྤྱིའི་བསམ་ཕྱོགས་དང་གཙོ་གནད་ལས་དོན་གསལ་བོར་བཏོན་པ་རེད། 

ཚོགས་འདུའི་སྟེང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང《བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན》ལ་དངོས་སུ་མིང་རྟགས་བཀོད་ཅིང་། དེའི་ནང་སྐྱེལ་འདྲེན་གནམ་གྲུ་ཐང་གི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་། རིག་ནུས་དམངས་སྤྱོད་མཁའ་འགྲུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མཁའ་ཐོག་དོ་དམ་གྱི་འགན་ལེན་ནུས་པ་མཐོར་འདེགས་སུ་གཏོང་བ་སོགས་ཕྱོགས16གི་ནང་དོན་ཚུད་ཡོད།

ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡི་ཅུའུ་ཀྲང་ཧྥུན་ཀྲིན་ལིན་གྱིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་ཚོགས་འདུ་ཐེངས་དྲུག་པ་བསྡུས་པ་ནས་བཟུང་། བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་འཛུགས་སྐྲུན་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱིས་བོད་ལྗོངས་སྐྱེལ་འདྲེན་གྱི“འགན་སྲུང་ལམ་ཐིག”དང་། མཁའ་དབྱིངས་ཀྱི“ཚེ་སྲོག་ལམ་ཐིག” མི་རིགས་ཀྱི“མཐུན་སྒྲིལ་ལམ་ཐིག ”སྤྱི་ཚོགས་ཀྱི“ཡར་ཐོན་ལམ་ཐིག”བཅས་ལ་ཐོན་པའི་བྱེད་ནུས་སྔར་བས་མངོན་གསལ་དོད་པོ་ཡིན་ལ། བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད་ཅེས་བསྟན། 

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་།  དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། འོས་འཚམ་སྔོན་ཐོན་གྱི་རྩ་དོན་གཞིར་བཟུང་ནས་གནམ་གྲུ་ཐང་གི་བཀོད་པ་འཐུས་ཚང་དུ་བཏང་སྟེ། ཆ་རྐྱེན་འཛོམས་པའི་གནམ་གྲུ་ཐང་གི་རྣམ་གྲངས་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་སུ་འཇུག་རྒྱུ་དང་། སྤུས་ཚད་མཐོན་པོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་འགྲུབ་བྱ་རྒྱུ། “མཁའ་ཐོག་དོ་དམ་གྱི་ནུས་ཆེན་བཞིའི”འཛུགས་སྐྲུན་ལ་བརྟེན་ནས་བོད་ལྗོངས་མཁའ་ཐོག་དོ་དམ་གྱི་འགན་ལེན་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།