ལྷ་སར2021ལོའི་ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས་ཀྱི་བྱ་འགུལ་སྤེལ་མགོ་ཚུགས་པ།

23b88a067eaf494abdb0f84d818c6e0b.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། ཟླ5པའི་ཚེས29ཉིན་བོད་རང་སྐྱོང་ལྗོངས་རིག་གནས་ཐིན་གྱིས་མཛུབ་སྟོན་བྱས་ཏེ་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། ལྷ་ས་གྲོང་ཁྱེར་རིག་གནས་ཅུའུ་ཡིས་སྒྲུབ་འགན་འཁུར་བ། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དོ་དམ་ཁྲུའུ་དང་ལྷ་ས་གྲོང་ཁྱེར་གྱི་ཆུས(རྫོང)བརྒྱད་ཀྱི་རིག་གནས་ཡུལ་སྐོར་ཅུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་རོགས་བྱས་པའི“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བ་དང2021ལོའི‘ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”ཞེས་པའི་བྱ་འགུལ་དངོས་སུ་སྤེལ་མགོ་ཚུགས་པ་རེད།

d045c785ca2540b7bc04594a48af5d98.jpeg

གསར་འགོད་པས་རྒྱུས་ལོན་བྱུང་བར་གཞིགས་ན། ཐེངས་འདིའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”ཀྱི་བྱ་འགུལ་སྤེལ་བའི་རིང་བསྡོམས་པས་འཁྲབ་སྟོན་ཐེངས8ལ་བྱ་རྒྱུ་དང་། ཚེས29ཉིན་ནས་བཟུང་གཟའ་འཁོར་རེའི་གཟའ་སྤེན་པར་འཁྲབ་སྟོན་བྱས་ནས་ཟླ7པའི་ཚེས17ཉིན་བར་འཁྲབ་སྟོན་བྱ་རྒྱུ་རེད། དེའི་རིང་ལྷ་ས་དང་གཞིས་ཀ་རྩེ་ནས་ཕུལ་དུ་བྱུང་བའི་དམངས་ཁྲོད་ཀྱི་ལྷ་མོའི་ཟློས་གར་ཚོགས་པ8བདམས་ནས་འཁྲབ་སྟོན་ནང་ཞུགས་པ་དང་། དམངས་ཁྲོད་ཀྱི་ལྷ་མོའི་ཟློས་གར་གྱི་སྒྱུ་རྩལ་པ240ལྷག་གིས《སྣང་ས་འོད་འབུམ》དང་།《རྒྱ་བཟའ་བལ་བཟའ》《འགྲོ་བ་བཟང་མོ》སོགས་སྲོལ་རྒྱུན་གྱི་ལྷ་མོའི་ཟློས་གར་གྱི་འཁྲབ་ཚན་རེས་མོས་འཁྲབ་སྟོན་བྱས་ཏེ། ཕུན་སུམ་ཚོགས་པའི་སྲོལ་རྒྱུན་ཟློས་གར་གྱིས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་རེད། དེ་དང་ཆབས་ཅིག་ཏུ“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”ཀྱི་བྱ་འགུལ་སྤེལ་བའི་གོ་སྐབས་དམ་འཛིན་བྱས་ཏེ་སྲོལ་རྒྱུན་བཟོ་རྩལ་རིགས་ཀྱི་རྣམ་གྲངས་ལ་དམིགས་ནས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་ཐེངས8བྱ་རྒྱུ་དང་། གཟའ་འཁོར་རེར་སྲོལ་རྒྱུན་བཟོ་རྩལ་རྣམ་གྲངས6བདམས་ནས་འགྲེམས་སྟོན་ནང་ཞུགས་རྒྱུ་ཡིན་ལ། ཉེ་བའི་ལོ་འགའི་རིང་ལྷ་ས་གྲོང་ཁྱེར་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་དོན་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་འགྲེམས་སྟོན་བྱ་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་རྣམ་པ་བཟང་བོ་གཏོད་རྒྱུ་རེད།

e770eac5254b4af995e51a0917c389c5.jpeg

ཤེས་རྟོགས་བྱུང་བར་གཞིགས་ན། “ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”ཀྱི་བྱ་འགུལ་དེ་ལྷ་སའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་ཁྱབ་གདལ་གཏོང་བའི་རིག་གནས་དམངས་ཕན་ལས་གཞི་ཞིག་ཡིན་པའི་ཆ་ནས། 2018ལོར་སྤེལ་མགོ་ཚུགས་པ་ནས་བཟུང་ད་ལྟའི་བར་སྐབས་གསུམ་རྒྱལ་ཁའི་ངང་གཉེར་བ་དང་། སྔ་རྗེས་སུ་དམངས་ཁྲོད་ཀྱི་ལྷ་མོའི་ཟློས་གར་ཚོགས་པ28རེས་སྐོར་བྱས་ནས་འཁྲབ་སྟོན་ཐེངས37ལ་ཞུགས་པ་དང་ལྟད་མོ་བ་མི་ཐེངས་ཁྲི11.5ལྷག་ལ་སླེབས་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ལ་རྣར་འཇགས་ལྷུག་བཤད་ཀྱི་ཕུལ་བྱུང་འཁྲབ་ཚན་འཁྲབ་སྟོན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།