བྱིས་པ་ཚོར་དུས་ཆེན་གྱི་ལེགས་སྐྱེས་ཐོབ་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཁབ་བསྡོམས་རྩིས་ཅུའུ་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་དེ་ལྷ་རྩེ་རྫོང་སླེའུ་ཤང་ཤེལ་དཀར་གྲོང་ཚོའི་བུ་བཅོལ་ཁང་དུ་སོང་ནས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་བྱམས་སེམས་འབུལ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཞིང་། སྤྱི་ཁྱབ་རུ་ཁག་གི་ལས་བྱེད་མི་སྣ་ཡོངས་ཀྱིས་བསྡོམས་པས་སྒོར་ཁྲི1ཙམ་གྱི་ཞལ་འདེབས་ཕུལ་ནས་བྱིེས་པ་ཚོར་དཔེ་ཁུག་དང་ཆུ་ཕོར་སོགས་ཀྱི་སློབ་སྦྱོང་དང་འཚོ་བའི་མཁོ་ཆས་སྤྲད་པ་རེད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
བྱིས་པ་ཚོར་དུས་ཆེན་གྱི་ལེགས་སྐྱེས་ཐོབ་པ།