སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ།

11175275532115787413.jpg

པར་འདི་ནི་ལྷ་རྩེ་རྫོང་འཕྲོད་བསྟེན་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་གིས་གླུ་དབྱངས་མཉམ་ལེན་བྱེད་བཞིན་པའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བ་དང་།  རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་འཕེལ་བ།  མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་བོད་རྙིང་པའི་སྡུག་བསྔལ་མི་བརྗེད་པ་དང་བོད་གསར་པའི་བདེ་སྐྱིད་ལ་གཅེས་སྤྲས་བྱེད་རྒྱུར་ཁྲིད་སྟོན་བྱེད་པ།  བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲང་བ་བཅས་བྱ་ཆེད།  ཉེ་ཆར།  བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གིས“མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས།  སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ”ཞེས་པའི་གསར་བརྗེའི་གླུ་དབྱངས་ཀུན་གྱིས་ལེན་པའི་བྱ་འགུལ་སྤེལ་བ་རེད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།