གཞིས་ཀ་རྩེ་གྲོང་ཁྱེར་གྱི་ས་བབ་མཐོ་བའི་གྲོང་གསེབ་ཀྱི་བྱིས་གཉོར་ཁང28སྤྱོད་མགོ་ཚུགས་པ།

rmrb2021053102p8_b.jpg

པར་འདི་ནི་གསར་དུ་སྐྲུན་པའི་བྱིས་གཉོར་ཁང་རེད།

rmrb2021053102p9_b.jpg

པར་འདི་ནི་ཟླ5བའི་ཚེས30ཉིན་བྱིས་པ་རྣམས་བྱིས་གཉོར་ཁང་དུ་བསྡད་ཡོད་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས30ཉིན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་ཀྱི་ས་བབ་མཐོ་བའི་གྲོང་གསེབ་ཀྱི་བྱིས་གཉོར་ཁང28དངོས་སུ་སྤྱོད་མགོ་ཚུགས། དེའི་ཁྲོད་གསར་དུ་སྐྲུན་པའི་བྱིས་གཉོར་ཁང20ཡོད་པ་དང་། རྙིང་པ་གསར་བསྒྱུར་བྱས་པའི་བྱིས་གཉོར་ཁང8ཡོད། དེ་དག་ནི་ཀྲུང་གོ་ལྕགས་ལམ་ཅུའུ་བཅུ་བཞི་ཡིས་རོགས་སྐྲུན་བྱས་པ་ཡིན་ཞིང་། ས་བབ་ཆེས་མཐོ་བའི་བྱིས་གཉོར་ཁང་གི་ས་བབ་མཐོ་ཚད་སྨི4300ལས་བརྒལ་ཡོད།

གསར་དུ་སྐྲུན་པའི་བྱིས་གཉོར་ཁང་དེ་ཨར་འདམ་སྒྲིག་གཞི་བེད་སྤྱད་དེ། བྱིས་གཉོར་ཁང་རེ་རེ་རུ་བྱ་འགུལ་ཁང་དང་། ཉལ་ཁང་། ཐབ་ཚང་བཅས་བཀོད་སྒྲིག་བྱས་ཡོད། ལས་གཞི་དེ་ལ་བརྟེན་ནས་ས་གནས་དེའི་མང་ཚོགས་ལ་ལས་ཞུགས་གོ་སྐབས་འདོན་སྤྲོད་བྱས་ཏེ། རོང་འབྲོག་མང་ཚོགས་ལ་བསྡོམས་པས་ཡོང་འབབ་སྒོར་ཁྲི200ལྷག་འཕར་སྣོན་བྱུང་དུ་བཅུག་པ་རེད།  །

2345.jpg

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།