བོད་ལྗོངས་ཀྱི་སྐབས་དང་པོའི་མེ་ཏོག་སྒྱུ་རྩལ་གྱི་ཡུལ་སྐོར་རིག་གནས་དུས་ཆེན་གྱི་མགོ་ཚུགས་པ།

1.jpg

པར་འདི་ནི་བོད་ལྗོངས་ཀྱི་བོད་སྐོར་དཀྱིལ་འཁོར་ནང་ཁུལ་གྱི་ཟུར་ཞིག་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས28ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་མེ་ཏོག་འགྲེམས་ཚོགས་ཆེ་གྲས་དང་བོད་ལྗོངས་ཀྱི་སྐབས་དང་པོའི་མེ་ཏོག་སྒྱུ་རྩལ་གྱི་ཡུལ་སྐོར་རིག་གནས་དུས་ཆེན་ལྷ་ས་གྲོང་ཁྱེར་བོད་སྐོར་དཀྱིལ་འཁོར་དུ་དངོས་སུ་མགོ་ཚུགས་པ་རེད།

2.jpg

པར་འདི་ནི་ཡུལ་སྐོར་བས་མེ་ཏོག་པར་ལེན་བཞིན་པའི་ཚུལ་རེད།

ཐེངས་འདིའི་མེ་ཏོག་འགྲེམས་སྟོན་ནང་རིག་གནས་ཡུལ་སྐོར་དང་། སྒྱུ་རྩལ་འཁྲབ་སྟོན། འོད་བརྙན་མཛེས་སྟོན། ཧི་མ་ལ་ཡ་དང་བོད་ཀྱི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་། ཁྱད་ལྡན་བཟའ་བཏུང་། དངོས་ཟོག་ཉོ་སྒྲུབ། སྤྲོ་གསེང་། རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པ་དང་། དེ་ནི་བོད་ལྗོངས་ཀྱི་བོད་སྐོར་དཀྱིལ་འཁོར་དང་ཡུན་ནན་ཞིང་ཆེན་ཅིན་ཡོན་མེ་ཏོག་མ་རྐང་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་དུ་སྤེལ་བ་ཡིན། བྱ་འགུལ་འདི་སྤེལ་བའི་དམིགས་ཡུལ་ནི་ས་གནས་གཉིས་པོའི་རིག་གནས་དང་། དཔལ་འབྱོར། ཡུལ་སྐོར་སོགས་ཕྱོགས་མང་པོའི་ཐད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རེད།

3.jpg

པར་འདི་ནི་བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཟུང་འབྲེལ་བྱས་ནས་བསྐྲུན་པའི་སྣ་མང་ཕུན་སུམ་ཚོགས་པའི་མེ་ཏོག་ལངས་གཟུགས་མཛེས་ལྗོངས་ཀྱི་རྣམ་པ་རེད།

རྒྱུས་ལོན་བྱུང་བར་གཞིགས་ན། ཐེངས་འདིའི་བརྗོད་དོན་གཙོ་བོའི་མེ་ཏོག་འགྲེམས་སྟོན་གྱི་ཚོར་འདུ་ནི་བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་། མི་རིགས་ཀྱི་ཡུལ་སྲོལ། རིག་གནས་སྒྱུ་རྩལ་བཅས་ལས་བྱུང་བ་དང་། དུས་རབས་ཀྱི་རྒྱབ་ལྗོངས་དང་ཟུང་འབྲེལ་བྱས་ཏེ་མེ་ཏོག་འགྲེམས་སྟོན་དང་དེ་བཞིན་བོད་སྐོར་དཀྱིལ་འཁོར་གྱི་དུས་མཉམ་སུ་གཉེར་བའི་མི་རིགས་ཀྱི་གླུ་གར་དངོས་ལྗོངས་འཁྲབ་སྟོན་སོགས་བརྗོད་དོན་གཙོ་བོར་བྱས་ནས་བྱེད་སྒོ་སྤེལ་ཞིང་། “ལོ་བརྒྱའི་ཏང་གི་ལོ་རྒྱུས་དང་རིག་གནས་སྙན་དབྱངས། དམངས་སྲོལ་སྐོང་ཚིག མེ་ཏོག་འགྲེམས་སྟོན”བཅས་ཀྱི་ཇུས་འགོད་འདུ་ཤེས་དང་ཟུང་འབྲེལ་གྱིས་སྣ་མང་ཕུན་སུམ་ཚོགས་པའི་མེ་ཏོག་ལངས་གཟུགས་ཀྱི་མཛེས་ལྗོངས་བསྐྲུན་ཡོད། །

4.jpg

པར་འདི་ནི་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ70འཁོར་བའི་བརྗོད་དོན་གཙོ་བོའི་མེ་ཏོག་ལངས་གཟུགས་མཛེས་ལྗོངས་ཀྱི་རྣམ་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།