ལྷ་སས2021ལོའི་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་གི་ཚན་རྩལ་བྱ་འགུལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

W020210530352767691886.jpg

པར་འདི་ནི་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་གྱི་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་གི་ཚན་རྩལ་བྱ་འགུལ་གྱི་གཟའ་འཁོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུའུ་ཡིས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ2021ལོའི་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་གི་ཚན་རྩལ་བྱ་འགུལ་གྱི་གཟའ་འཁོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱ་འགུལ་ཐོག“ཚན་རྩལ་གྱིས་འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཉུང་གཏོང་ལ་རམ་འདེགས་བྱེད་པ་དང་། གསར་གཏོད་ཀྱིས་འབྲུ་རིགས་སྤུས་ལེགས་མཁོ་སྤྲོད་ལ་འགན་ལེན་བྱེད་པ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། བོད་ལྗོངས་ཀྱིས་འབྲུ་རིགས་གསོག་འཇོག་དང་། འབྲུ་རིགས་དང་བཟའ་སྣུམ་ལས་སྣོན། སྤུས་ཚད་བདེ་འཇགས། འཚོ་བཅུད་བདེ་ཐང་སོགས་ཁྱབ་ཁོངས་སུ་བླངས་པའི་ཚན་རྩལ་གྲུབ་འབྲས་གསར་ཤོས་དྲིལ་བསྒྲགས་བྱས་ནས་འབྲུ་རིགས་ལ་གཅེས་སྤྲས་དང་འབྲུ་རིགས་གྲོན་ཆུང་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་པ་རེད།

བྱ་འགུལ་སྤེལ་བའི་ཡུལ་དངོས་སུ་བོད་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུའུ་དང་། ལྷ་ས་གྲོང་ཁྱེར་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུའུ། ལྷ་སའི་རྒྱལ་ཁབ་འབྲུ་རིགས་གསོག་འཇོག་མཛོད་སོགས་ཀྱིས་ཐུན་མོང་ཐོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། མང་ཚོགས་ལ་འབྲུ་སྣུམ་ཟས་རིགས་ཀྱི་སྤུས་ཚད་དང་བདེ་ཐང་འཛད་སྤྱོད་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་། རྒྱ་ཆེའི་མང་ཚོགས་ལ་གྲོན་ཆུང་གི་འདུ་ཤེས་དང་བདེ་ཐང་བཟའ་བཏུང་གི་གོམས་གཤིས་ཆགས་རྒྱུར་ཁྲིད་སྟོན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།