བོད་ལྗོངས་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་སྤྱི་ལོ2021ལོར་མ་དངུལ་སྒོར་དུང་ཕྱུར160བསྡུ་སྒྲིལ་བྱས་ནས།  དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་།  དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པའི་འགུལ་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས།  དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་བའི་མི་འབོར་གྱི་འགུལ་རྣམ་གཙང་སེལ་བྱས་ནས་གཞི་ཁྱོན་ཅན་གྱི་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པའི་མཐའ་ཚད་སྲུང་བཞིན་ཡོད།  2019ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོ་མི་འབོར་ཁྲི62.8དབུལ་གྲོལ་ཐུབ་པ་དང་།  རྫོང༼ ཆུས ༽74ཡི་དབུལ་པོའི་དབུལ་ཞྭ་ཕུད་པ།  ད་ལྟ་དབུལ་གྲོལ་ཐུབ་པའི་མི་འབོར་གྱི་མི་རེར་ལོའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི1ལས་བརྒལ་ཡོད། 

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས།  དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་ནས་བོད་མི་དམངས་ཀྱི་འཚོ་བ་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་གཏོང་བ་དང་།  གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱ་རྒྱུ་རེད།  དབུལ་གྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་གྲུབ་བྱུང་བ་དང་།  བོད་ལྗོངས་ཀྱིས་མུ་མཐུད་དབུལ་པོ་བསྐྱར་ལོག་སྔོན་འགོག་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་རྒྱུ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན།  བོད་ལྗོངས་ཀྱིས་ཞིང་གསུམ་ལས་དོན་གྱི་གཙོ་གནད་ལོ་རྒྱུས་རང་བཞིན་གྱི་གཞན་འགྱུར་ལ་སྐུལ་འདེད་བཏང་ནས།  རྫོང༼ ཆུས ༽ 74ལ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་གི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ།  དབུལ་གྲོལ་ས་གནས་ཀྱི་སྤྱི་ཡོངས་འཕེལ་རྒྱས་ཆུ་ཚད་མཐོ་རུ་བཏང་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།