བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སུམ་ཅུ་པ་མགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས27ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སུམ་ཅུ་པ་ལྷ་སར་འགོ་ཚུགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར་གནང་བའི《གན་ཁྲལ་གྱི་ཞིབ་ཕྲའི་ཁྲལ་ཚད་སོགས་འབྲེལ་ཡོད་དོན་གནད་སྐོར་གྱི་གཏན་འབེབས(འཆར་ཟིན)》ཀྱི་གསལ་བཤད་གསན་པ་རེད། འཆར་ཟིན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་ཁྲལ་བཅའ་ཁྲིམས》ཀྱི་འབྲེལ་ཡོད་དབང་ཆ་སྤྲད་པ་གཞིར་བཟུང་། ཁྲལ་འཇལ་མཁན་ལ་སྟབས་བདེ་དང་ཁེ་བཟང་ཆེ་ཤོས་སྤྲོད་པའི་རྩ་དོན་ལྟར། རང་ལྗོངས་ཀྱི་གན་ཁྲལ་སྤྱོད་ཚད་དང་ཁྲལ་ཆག་ཡང་ངམ་ཡང་ན་རྩ་ཆག་གཏོང་བའི་སྲིད་ཇུས་བཟོས་ཡོད་པ་རེད།

ཚོགས་འདུའི་ཐོག 《ལས་ཐོག་ཉེས་གསོག་སྔོན་འགོག་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་སྲོལ་ཡིག》མེད་པར་བཟོ་རྒྱུར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་གྲོས་གཞི་གསན་པ་རེད།

ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་གནང་བའི《བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་སྲོལ་ཡིག(འཆར་ཟིན)》འཆར་ཟིན་གསལ་བཤད་གསན་པ་རེད།

ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་གནང་བའི《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས(བཟོ་བཅོས་འཆར་ཟིན)》སྐོར་གྱི་གསལ་བཤད་གསན་པ་རེད།

ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར་གནང་བའི་རང་སྐྱོང་ལྗོངས་རིམ་པའི་2021ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི(འཆར་ཟིན)སྐོར་གྱི་སྙན་ཞུ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་གསན་པ་རེད།

ཚོགས་འདུའི་ཐོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་སྐོར་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྲོལ་ཡིག》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུ་གསན་པ་རེད།

ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་གཏེར་རྫས་ཐོན་ཁུངས་དོ་དམ་སྲོལ་ཡིག》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུ་གསན་པ་རེད།

ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་གསན་པ་དང་། འབྲེལ་ཡོད་འགན་འཛིན་གྲོས་གཞིར་གྲོས་ཞིབ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།