མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་གཉིས་པས་ཚན་རིག་རྟོག་ཞིབ་ཀྱི་ལྟ་དཔྱད་ཚད་འཇལ་སྒྲིག་ཆས་མཁོ་སྤྲོད་དང་ལག་རྩལ་འགྲེམས་སྟོན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་གཉིས་པས་ལྷོ་ཁ་གྲོང་ཁྱེར་གཡང་གྲོང་ཆུ་དཔྱད་ས་ཚིགས་སུ་ཚན་རིག་རྟོག་ཞིབ་ཀྱི་ལྟ་དཔྱད་ཚད་འཇལ་སྒྲིག་ཆས་མཁོ་སྤྲོད་དང་ལག་རྩལ་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་བ་རེད།

མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་གཉིས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོར་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་བྱེད་སྐབས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རྒྱལ་ཁབ་ཀྱི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་བཀོད་འདོམས་དང་རང་སྐྱོང་ལྗོངས་ཀྱི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་འགོ་ཁྲིད་ཚོགས་ཆུང་གི་ནུས་ཤུགས་ཡོད་རྒུའི་རྒྱབ་སྐྱོར་འོག དཀའ་ངལ་ལ་མི་སྐྲག་པ་དང་གསར་གཏོད་བྱེད་ཕོད་པ་བྱས་ཏེ། མཚོ་བོད་ས་མཐོའི་གཙང་པོའི་ཕུང་གསོག་ཐེབས་དངོས་དང་ཡོམ་ལྟེའི་རྐྱེན་རྩ་སོགས་ལ་རྟོག་ཞིབ་དང་ཞིབ་འཇུག་བྱས་པ་རེད།

ད་ཐེངས་ཀྱི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ལྟ་དཔྱད་ཚད་འཇལ་སྒྲིག་ཆས་མཁོ་སྤྲོད་དང་ལག་རྩལ་འགྲེམས་སྟོན་བྱེད་སྒོ་ནི། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད། རང་སྐྱོང་ལྗོངས་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་གཞི་ཚུགས་པ་དང་། རང་ལྗོངས་ཀྱི“དོན་ཆེན་བཞི”དང“ཐོན་ལས་ཆེན་པོ་བདུན”གྱི་འཕེལ་རྒྱས་ལ་ཞབས་ཞུ་དང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་དམིགས་ནས། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པས་རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཟུང་འབྲེལ་བྱེད་ས་གནད་ལ་འཁེལ་པོས་སྟངས་འཛིན་དང་། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བྱེད་པར་རྒྱབ་སྐྱོར། མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་ལམ་སྲོལ་སྔར་བས་འཚོལ་ཞིབ། ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ཀྱི་རྣམ་གྲངས་གལ་ཆེན་འཆར་འགོད་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཚོ་བོད་ཚན་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་རབ་དང་རིམ་པ་གཞན་སྒྱུར་དང་། བཀོལ་སྤྱོད། ཁྱབ་གདལ་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།