འདི་ནི་དབྱར་ཟླ་ར་བའི་བོན་རིའི་མཛེས་ལྗོངས་ཁུལ་གྱི་ཟུར་ཞིག་ཡིན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་གྱི་ཀླུ་སྟེང་གྲོང་ཚོ་ནི་ཉང་ཆུ་དང་ཡར་ཀླུང་གཙང་པོ་འདྲེས་ཡུལ་དུ་གནས་པ་དང་། ཉང་བོ་གྲུ་ཁ་དང་བོན་རིའི་མཛེས་ལྗོངས་ཁུལ་དང་བར་ཐག་ཉེ་བ་མ་ཟད། ཉིང་ཁྲི་གྲོང་ཁྱེར་དང་སྨན་གླིང་གནམ་གྲུ་ཐང་དང་བར་ཐག་སྤྱི་ལེ20ཙམ་ལས་མེད་པས། དེ་གར་ལྟ་ན་སྡུག་པའི་ཉང་ཆུའི་ཡུལ་ལྗོངས་དང་ཞིང་ཁའི་མཛེས་ལྗོངས་མཐོང་ཐུབ་པ་རེད།
ཉེ་བའི་ལོ་འགའི་རིང་། ཀླུ་སྟེང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་མངའ་ཁོངས་དེའི་ལེགས་ཆ་བེད་སྤྱོད་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི“ཡུལ་སྐོར་ཡོང་འབབ”འཕར་སྣོན་ཡོང་བར་ནུས་ཤུགས་ཡོད་རྒུ་བཏོན་པ་རེད། 2020ལོར་ཀླུ་སྟེང་གྲོང་ཚོའི་ཞིང་སྡེའི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི651.07ལ་སླེབས་པ་དང་རོང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི1.66ཟིན་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཉིང་ཁྲི་གྲོང་ཁྱེར་གྱིས་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་།