ཆབ་མདོ་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུའི་སྟེང་སྒོར་དུང་ཕྱུར26.9ཡི་གན་རྒྱ་བཞག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་གསུམ་པའི་ཆབ་མདོའི་ཚོང་འགུགས་མ་འདྲེན་གྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་བདེ་བླག་ངང་འཚོགས་ཤིང་། ཡུལ་དངོས་སུ་རྣམ་གྲངས6ལ་གན་རྒྱ་བཞག་པར་གན་འཇོག་མ་དངུལ་སྒོར་དུང་ཕྱུར26.9ལ་སླེབས་པ་དང་། དེ་རིག་གནས་ཐོན་ལས་དང་། མཐོ་གསར་ལག་རྩལ་ཐོན་ལས། ནུས་རྒྱུ་གཙང་མ། ཀྲུང་ལུགས་སྨན་རྩྭ་ལས་སྣོན་ཞིབ་ཚགས་སོགས་དང་འབྲེལ་བ་ཡོད།

རྒྱུས་ལོན་བྱུང་བར་གཞིགས་ན། ཁྲུང་ཆིང་གིས1995ལོར་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་པ་ནས་བཟུང་ཤེས་ལྡན་མི་སྣ་དང་། རྣམ་གྲངས། མ་དངུལ། ལག་རྩལ། འཛད་སྤྱོད་བཅས་ཀྱི་ཐད་ཆབ་མདོ་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཏེ་ཆབ་མདོའི་འཕེལ་རྒྱས་ལ་རྒྱུན་མཐུད་སྒུལ་ཤུགས་མཁོ་འདོན་བྱས། ཉེ་བའི་ལོ་འགའི་རིང་། “བོད་ཤར་རྒྱུད་ཀྱི་མུ་ཏིག”ཅེས་བརྗོད་པའི་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། འགྲིམ་འགྲུལ་གྱི་ཆ་རྐྱེན་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ཡོད། ཁ་གཏད་རོགས་སྐྱོར་བྱས་པ་བརྒྱུད་ཁྲུང་ཆིང་གི་ཁེ་ལས་མང་པོ་ཞིག་ཆབ་མདོར་འཕེལ་རྒྱས་གསར་པ་བྱུང་ནས་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀར་ཕན་པ་ཐོབ་པ་མངོན་འགྱུར་བྱུང་ཡོད་ལ། ཐེངས་འདིའི་གན་འཇོག་རྣམ་གྲངས་ལག་བསྟར་བྱས་པ་དེས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།