རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་ནུས་ཤུགས་ཡོད་རྒུས་མྱུར་བཟོ་འགན་སྲུང་གི་ཞབས་ཞུ་གང་ལེགས་སྒྲུབ།

W020210521575434005101.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  ས་མཐོའི་གྲང་རླུང་འཁོར་ཚུབས་གྱི་ཤུགས་རྐྱེན་འོག་ལྷ་ས་གྲོང་ཁྱེར་གྱི་ཤར་རྒྱུད་དང་བྱང་རྒྱུད་ས་བབ་མཐོ་སའི་ཁུལ་དུ་ལོའི་ནང་གི་གངས༼ ཆར་པ ༽ཆེ་ཤོས་ཀྱི་ཉེན་བརྡ་སྔོན་པོ་ཐོག་མ་དེ་བཏང་ཡོད།  དེའི་ནང་མལ་གྲོ་གུང་དཀར་རྫོང་དང་ལྷུན་གྲུབ་རྫོང་སོགས་སུ་གངས་ཆེན་པོ་བབས་ནས་གངས་འབབ་ཚད་ཧའོ་སྨིད33ཟིན་པ་དང་།  གངས་ཆེན་པོ་བབས་པའི་རྐྱེན་གྱིས་གློག་འདྲེན་སྐུད་ལམ་ལ་སྐྱོན་ཁག༼ ཐེངས ༽14ཙམ་ཤོར་ནས་ས་ཆ་ཁ་ཤས་སུ་གློག་ཆད་པའི་གནས་ཚུལ་ཐོན་ཡོད།

རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་དུས་ཐོག་ཏུ་འཕྲལ་སྡོམ་ལམ་སྲོལ་ལག་བསྟར་བྱས་པའི་ནང་།  རིམ་རྩིས་བརྒྱབ་ན་མི་ཐེངས120ལྷག་དང་རླངས་འཁོར་ཐེངས25 བཏང་ནས་སྐྱོན་ཤོར་བའི་གློག་འདྲེན་སྐུད་ལམ་ཚང་མ་ཉིན་དེ་རང་ལ་མྱུར་བཟོ་ལེགས་གྲུབ་བྱུང་བ་དང་།  གློག་ཆད་སའི་ཁུལ་ཚང་མར་ཡང་ཉིན་དེ་རང་ལ་གློག་མཁོ་འདོན་སླར་གསོ་ཐུབ་ཡོད།  རྗེས་མར་རྒྱལ་ཁབ་གློག་དྲ་ལྷ་ས་གློག་མཁོ་འདོན་ཀུང་སིས་གནམ་གཤིས་གནས་ཚུལ་ལ་མུ་མཐུད་དོ་ཁུར་དམ་ཟབ་བྱས་ནས།  གློག་དྲ་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་དང་སྐོར་ཞིབ་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་ལྷ་སའི་གློག་དྲ་འཁོར་སྐྱོད་བརྟན་པོ་ཡོང་བ་བྱ་རྒྱུ་རེད།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།