ནག་ཆུ་གྲོང་ཁྱེར་གྱིས་དང་བླངས་སྲུང་སྐྱོང་རུ་ཁག་བཙུགས་ནས་འབྲི་ཆུའི་ཆུ་མགོར་སྲུང་སྐྱོང་བྱས།

W020210522430238784751.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབྲི་ཆུའི་ཆུ་མགོ་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་ཆེད།  བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དམར་ཆུ་ཤང་གིས་དང་བླངས་སྲུང་སྐྱོང་རུ་ཁག་དང་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག  སྲུང་སྐྱོང་བ་ཆུང་ཆུང་གི་རུ་ཁག་བཅས་འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་རུ་ཁག3བཙུགས་པ་དང་། དེ་དག་ནི་ཤང་ཡོངས་ཀྱི་ཏང་ཡོན་དང་ཤང་སྲིད་གཞུང་གི་ལས་བྱེད་པ།  ཤང་སློབ་ཆུང་གི་སློབ་ཕྲུག་སོགས་བསྡོམས་པས་མི210ལས་གྲུབ་པ་ཞིག་ཡིན་ཞིང་།  ཁོང་ཚོའི་འགན་འཁྲི་གཙོ་བོ་ནི་འབྲི་ཆུའི་ཆུ་མགོ་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྐོར་ཞིབ་དང་གད་སྙིགས་སྒྲུག་པ།  འཕྲལ་སྡོམ་རོགས་སྐྱོབ་སོགས་བྱ་རྒྱུ་དེ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།