བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་སྐྱེ་ཁམས་སྲུང་སྐྱོང་གཙོ་གནད་ཁུལ་འཛུགས་སྐྲུན་ཐད་ཤུགས་བསྣན་པ།

1.jpg

རི་སྐྱེས་སྲོག་ཆགས་རྐྱང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་འགའི་རིང་ལ་བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་གཙོ་བོར་བཟུང་སྟེ་ཕྱོགས་ཡོངས་ནས་གཙོ་གནད་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ཐད་ལ་ཤུགས་བསྣན་ནས། བོད་ལྗོངས་སུ་ཡོད་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་རིགས125དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་རྩི་ཤིང་དང་གཙོ་གནད་སྐྱེ་ཁམས་མ་ལག་ལ་ནུས་ལྡན་གྱི་སྲུང་སྐྱོང་བྱས་པ་རེད། ད་ལྟའི་བོད་ལྗོངས་སུ་འཁྱགས་རོམ་དང་རྩྭ་ཐང་། གཙང་བོ་སོགས་ནི་དྭངས་ཤིང་གསལ་ལ། འདབ་ཆགས་རི་དྭགས་སོགས་དགའ་བའི་དཔལ་ལ་རོལ་བས་གནས་དེ་ནི་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་ཆེས་ལེགས་པའི་ས་ཁུལ་གྱི་གྲས་སུ་གྱུར་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།