ལོ་ངོ་བདུན་ཅུའི་བོད་ལྗོངས་ཀྱི་འཕོ་འགྱུར་ཆེན་པོ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 1951ལོའི་ཟླ5པའི་ཚེས23ཉིན《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱེད་པའི་སྐོར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་པ་ནས་བཟུང་ཆོས་སྲིད་ཟུང་འབྲེལ་གྱི“བླ་མའི་རྒྱལ་རབས”མཇུག་སྒྲིལ་བ་རེད། ཉིན་དེ་ནི་བོད་ལྗོངས་གསར་པའི་མགོ་འཛུགས་ས་ཞིག་ཀྱང་རེད།

༡.jpg

འདི་ནི2019ལོའི་ཟླ8པའི་ཚེས10ཉིན་པར་བླངས་པའི་ཕོ་བྲང་པོ་ཏ་ལའི་བརྗིད་ཉམས་རེད།

ལོ་ངོ70ཡི་རིང་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཡུལ་བབ་དང་བསྟུན་ནས་བོད་ལྗོངས་འཕེལ་རྒྱས་སྐོར་གྱི་དགོངས་པ་གལ་ཆེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་།

བོད་ལྗོངས་ཀྱི་དེང་རབས་ལོ་རྒྱུས་ནི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་འཕེལ་རྒྱས་ལོ་རྒྱུས་ཤིག་ཡིན་པ་དང་། བོད་ལྗོངས་ཀྱི་དེང་རབས་ལོ་རྒྱུས་ནི་ཆབ་སྲིད་ལམ་ལུགས་དང་། སྤྱི་ཚོགས་འཕེལ་རྒྱས། དཔལ་འབྱོར་དམངས་འཚོ་བཅས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བའི་ལོ་རྒྱུས་ཞིག་ཀྱང་ཡིན།

༢.jpg

འདི་ནི་གྲོང་མི་ཞིག་གིས་རང་ཁྱིམ་གྱི་འདྲུད་འཐེན་འཕྲུལ་འཁོར་ལ་ཕྱི་བདར་བྱེད་བཞིན་པའི་ཚུལ་རེད།

བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བར་ལམ་ལུགས་མཆོང་སྐྱོད་བྱས་པ་དེས་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་རྩ་བའི་འགན་ལེན་མཁོ་འདོན་བྱས་ཡོད།

1951ལོར་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་དང་། 1959ལོར་བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་པ། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་བཅས་སྤྱི་ཚོགས་ཀྱི་འཕོ་འགྱུར་ཆེན་མོ་རེ་རེ་ལས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་བཏང་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་ལམ་ལུགས་སུ་མཆོང་སྐྱོད་བྱས་པ་མངོན་འགྱུར་བྱུང་ཡོད།  

ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ལྗོངས་སུ་གཞུང་ལམ་གཅིག་ཀྱང་མེད། 1954ལོར་མཚོ་བོད་དང་ཁྲོན་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་ད་ལྟ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི11.7ཟིན་ཡོད་ཅིང་། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི515ལྷག་ཟིན་ལ། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་བོད་ལྗོངས་སུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་ད་ལྟ་ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་སྐྲུན་ཚར་ལ་ཉེ་བ་དང་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལམ་དུམ་ཡང་ལས་མགོ་ཚུགས་ཡོད། 

༣.jpg

འདི་ནི་ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་གྱི་ལམ་ཐིག་ཧྲིལ་པོར་ལྕགས་ལམ་བཏིངས་ཟིན་པའིི་ཚུལ་རེད།

ཉེ་བའི་ལོ་འགའི་རིང་བོད་ལྗོངས་སུ་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད47%ཟིན་པ་དང་སྐྱེ་ཁམས་དམར་ཐིག་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི53.9ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁོངས་རྒྱ་ཁྱོན་གྱི45%ཟིན་ཡོད། 2020ལོའི་བར་བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་སུ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར814བཏང་ཡོད།

སྤྱི་ཚོགས་འགན་ལེན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ནས་མི་ཐེངས་ཁྲི685སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཏེ་གཞི་རྩའི་རྒན་གསོ་འགན་བཅོལ་ཁྱབ་ཚད95%ཡན་ཟིན་པ་དང་རོང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་འགན་བཅོལ་ནང་ཞུགས་ཚད100%ཟིན་ཡོད།

ལྷ་མོའི་ཟློས་གར་དང་། གླིང་སྒྲུང་། བོད་ཀྱི་སྨན་ལུམས་བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་བརྩམས་ཆོས་མིང་གཞུང་ནང་ཚུད་པ་དང་། རྣམ་གྲངས89དང་མི96རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད།

༤.jpg

  འདི་ནི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་ཁང་གསར་གྲོང་ཚོའི་གྲོང་མིས་ལོ་ཏོག་བསྡུ་བཞིན་པའི་ཚུལ་རེད།

སྒོ་བརྒྱབ་རྗེས་ལུས་ནས་སྒོ་དབྱེ་ཡར་ཐོན་བར་གྱི་ལམ་ལུགས་ཀྱི་ལེགས་ཆ་ལས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ།

ཟླ5པར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤུ་རིང་ལུང་གཞུང་དུ་རིག་ནུས་བྱ་གསོའི་ཐོན་ལས་གླིང་ཞིག་བཙུགས་ཡོད།

མ་དངུལ་སྒོར་དུང་ཕྱུར5བཏང་བའི་དུས་ཐེངས་དང་པོའི་ལས་གཞིའི་བྱ་ཁང་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་སྐོར་དང་པོར་བྱ་ཕྲུག་ཁྲི7ཡོད། མིག་སྔར་དུས་ཐེངས་གཉིས་པའི་རྣམ་གྲངས་ལས་མགོ་ཚུགས་པ་དང་མ་དངུལ་སྒོར་དུང་ཕྱུར3.5བཏང་བའི་ཁྲོད་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར1བཏང་སྟེ་གཏན་འཇགས་ཀྱི་བགོ་བཤའི་རྣམ་པར་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་གྱི་ཐུན་མོང་དཔལ་འབྱོར་གྱི་ཉམས་ཞན་གྲོང་ཚོ20ལ་ཡོང་འབབ་གཏོད་པ་རེད།

1994ལོར་ཏང་ཀྲུང་དབྱང་གིས“ཁག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཅད་བརྗེ་རེས”བཅས་ཀྱི་བོད་སྐྱོར་བྱེད་ཕྱོགས་བཏོན་པ་ནས་བཟུང་། ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་མཁན་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་སྔ་རྗེས་སུ་སྐོར་ཐེངས9ཡི་ལས་བྱེད་པ9682བོད་ལྗོངས་སུ་མངག་གཏོང་བྱས་ཏེ་ལས་དོན་སྤེལ་བ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་རྣམ་གྲངས6330ལ་རོགས་སྐྱོར་བྱས་པ་དང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར527བཏང་བ་རེད།

༥.jpg

འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོའི་ཞབས་བྲོའི་རུ་ཁག་གི་རུ་མིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཡིན་པའི་འཇུ་བྲོ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད། 

དུས་རབས20པའི་ལོ་རབས80པ་ནས་དུས་རབས21པའི་ཐོག་མའི་ལོ་བཅུའི་བར་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་འཚོགས་ནས་དམིགས་བསལ་གཟིགས་སྐྱོང་གི་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཟོས་པ་དང་ལག་བསྟར་བྱས་ཏེ་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་འཚོགས་ནས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་གྲུབ་པ་དེས་དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

ཀྲུང་དབྱང་གིས་རྒྱབ་སྐྱོར་དང་། རྒྱལ་ཡོངས་ཀྱིས་རོགས་སྐྱོར། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་བོད་ལྗོངས་ཀྱི་འཕེལ་རྒྱས་འདི་ཉིད་བོད་ལྗོངས་ཀྱི་ལོ་ངོ་སྟོང་གི་ལོ་རྒྱུས་ཁྲོད་འཕེལ་རྒྱས་ཡག་ཤོས་དང་མགྱོགས་ཤོས་ཕྱིན་པའི་དུས་སྐབས་ཤིག་ཏུ་གྱུར་ཡོད།

༦.jpg

འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དོན་གཅོད་ཁང་དར་དམར་གྲོང་ཚོའི་ཏང་ཨུ་ཧྲུའུ་ཅི་སྐལ་བཟང་སྒྲོལ་དཀར་གྱིས་ལྷ་སའི་བདེ་སྐྱིད་བཀྲ་ཤིས་ཟ་ཁང་གི་སྦྱིན་བདག་བདེ་སྐྱིད་དང་ཁ་ཏ་གླེང་མོལ་བྱེད་བཞིན་པའི་ཚུལ་རེད།

ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་མཐའ་དར་དམངས་ཕྱུག་གི་བྱ་འགུལ་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས“བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱས་ནས། ཚད་གཞི་མཐོན་པོས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ600ལྷག་བསྐྲུན་ནས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་བསྐྲུན་པ་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གང་མགྱོགས་ཀྱིས་སེལ་ཏེ་མཐའ་མཚམས་ས་ཁུལ་གྱི་དར་རྒྱས་བརྟན་ལྷིང་དང་འཆམ་མཐུན་ལྷིང་འཇགས་ལ་སྐུལ་འདེད་བཏང་ཡོད།

    “རང་ལུས་རང་དབང་མེད་པ”ནས“རང་ཁྱིམ་རང་བདག”བྱུང་བའི་བར་གྱི་མིའི་ཕྱོགས་ཡོངས་འཕེལ་རྒྱས་ཕྱིན་པ་དེས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་ཚད་མེད་སྦྱིན་པ།

  2016ལོའི་ལོ་མཇུག་ཏུ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་ཧ་ལོ་སྒང་གྲོང་ཚོ་དབུལ་ཐར་བྱུང་བ་ཁྱབ་བསྒྲགས་བྱས་ཤིང་། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ་དང་། ཐུན་མོང་དཔལ་འབྱོར་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱས་ནས་ཡོང་འབབ་གཏོད་པའི་ཕན་འབྲས་སྔར་བས་མངོན་གསལ་དོད་པོར་ཕྱིན་ནས། 2020ལོར་གྲོང་མི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི1.4ལྷག་ཟིན་ཡོད།

༧.jpg

འདི་ནི་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་མས་བོད་ཡིག་སློབ་ཁྲིད་ལ་ཉན་བཞིན་པའི་ཚུལ་རེད།

2019ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་རྫོང་དབུལ་པོ74ཡི་དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་མི་འབོར་དབུལ་པོ་ཁྲི62.8ཚང་མ་དབུལ་ཐར་བྱུང་པས་ལོ་རྒྱུས་རང་བཞིན་གྱི་དབུལ་ནག་མེད་པར་བཟོས་པ་རེད། མིག་སྔར་མི་འབོར་དབུལ་པོའི་ལོ་ཧྲིལ་བོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཟིན་ཡོད།

བོད་རྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པ་དང་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད2%ཡང་ཟིན་མེད་པ་དང་གཞོན་ནུ་དང་དར་མའི་ཁྲོད་ཡིག་རྨོངས་བས95%ཟིན་ཡོད། 2020ལོར་བོད་ལྗོངས་སུ་མཐོ་རིམ་སློབ་གསོ་དཀྱུས་མའི་སློབ་གླིང7དང་། འབྲིང་རིམ་ལས་རིགས་སློབ་གྲྭ12། སློབ་འབྲིང143། སློབ་ཆུང827། བུ་བཅོལ་ཁང2199བཅས་ཡོད་པ་དང་སློབ་ཆུང་གི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད99.93%ལ་སླེབས་ཡོད། “འགན་ལེན་གསུམ”གྱི་སྲིད་ཇུས་དེས་བོད་ལྗོངས་ཀྱི་སློབ་མ་མི་ཐེངས་ཁྲི900ཙམ་ལ་ཕན་པ་ཐོབ་པ་དང་སྲིད་གཞུང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར200ལྷག་བཏང་ཡོད།

༨.jpg

འདི་ནི་བཀྲ་ཤིས་ལྷ་མོས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོའི་ཁྱིམ་དུ་དྲ་རྒྱའི་ཐད་གཏོང་བྱེད་བཞིན་པའི་རྣམ་པ་རེད། 

ད་ལྟ་བོད་ལྗོངས་སུ་སྤྱིར་བཏང་གི་མཐོ་རིམ་སློབ་གསོ་དང་། ཞིབ་འཇུག་སློབ་མའི་སློབ་གསོ། དར་མའི་མཐོ་རིམ་སློབ་གསོ་བཅས་སུ་སློབ་གསོ་མྱོང་བའི་ཁྲོད་སྐྱེས་མའི་བསྡུར་གྲངས50%ཡན་རྒྱུན་འཁྱོངས་ཐུབ་ཡོད།

བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཡིས“ད་ལྟའི་བོད་ལྗོངས་འཕེལ་རྒྱས་ཀྱི་རྨང་གཞི་ཡག་པོ་འདི་ལྟ་བུ་དང་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་འདི་ལྟ་བུ་སྔར་བྱུང་མྱོང་མེད་ལ། འཕེལ་རྒྱས་ཀྱི་གཏིང་ཤུགས་འདི་ལྟ་བུའང་སྔར་བྱུང་མྱོང་མེད”ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།